དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གོར་མོ་ནས་ཤིན་ཅང་ཁུར་ལེ་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་དུམ་བུ་ཤར་གཏོང་ཐུབ་པ།

སྤེལ་དུས 2020-07-02 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་ལ“མཚོ་སྔོན་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་11དང་སྐར་མ་18ཀྱི་ཐོག མེ་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་ནས། ཧྭ་ཐུའུ་ཀོའུ་ཕྱོགས་སུ་གཏོང་བའི་དུས་གཏན་མེ་འཁོར་ཐོག་མ་གོར་མོ་བབས་ཚུགས་ནས་དལ་བུར་ཐོན་པ་དེ་ཐོག་ནས་མཚོ་སྔོན་གོར་མོ་ནས་ཤིན་ཅང་ཁུར་ལེ་བར་གྱི་ལྕགས་ལམ(གོར་ཁུར)གྱི་མཚོ་སྔོན་དུམ་བུ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་མཚོན་ཡོད།
             གོར་ཁུར་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་རྗེས། གོར་མོ་ནས་ཁུར་ལེ་བར་དེ་སྔའི་ཆུ་ཚོད་26ནས་ད་ལྟའི་ཆུ་ཚོད་12ལྷག་ཙམ་བར་ཐུང་དུ་ཕྱིན་པ་ལས། རང་རྒྱལ་གྱི་ནུབ་རྒྱུད་ལྕགས་ལམ་དྲ་བའི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་དང་། ལམ་རྒྱུད་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད། ས་གནས་དེ་གས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་པར་རམ་འདེགས་བཅས་ཐུབ་ནས་ཕྱོགས་ཡོངས་འབྱོར་འབྲིང་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུ་ཡིན་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་འཐབ་ཇུས་ལ་སྔར་བས་སྐུལ་འདེད་ཐུབ་པ་དང་། ལམ་རྒྱུད་ས་ཁུལ་གྱི་མི་སྣ་སྤེལ་རེས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་ཐུབ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་རྒྱལ་སྲུང་བདེ་འཇགས་སྲ་བརྟན་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།