དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱིས་མང་ཚོགས་ཀྱི་གཅིག་སྡུད་རེ་ཞུར་སྔར་བས་དོ་སྣང་བྱ་རྒྱུ་སོགས་2021ལོའི་རིགས་ཆེན་པོ་བཅུ་ཡི་དམངས་འཚོའི་ལས་དོན་དངོས་ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2021-04-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ལས་ཞུགས་ལ་སྐུལ་འདེད་དང་། སློབ་གསོའི་སྤུས་ཚད་ལེགས་གཏོང་། སྡོད་ཁང་འགན་ལེན། བདེ་ཐང་མཚོ་སྔོན་འཛུགས་སྐྲུན། རྒན་བཀུར་བྱིས་སྐྱོང་། གྲོང་གསེབ་དར་རྒྱས་འདུ་འགོད། རིག་གནས་དམངས་ཕན་ཁྱབ་ཁོངས། དམངས་ཕན་ཤར་གཏོང་འདུ་འགོད། ལྗང་མདོག་ཞིང་དར། ཕྱོགས་བསྡུས་བཅོས་སྒྲིག་བཅས་རིགས་ཆེན་པོ་བཅུ་ཡི་དམངས་འཚོའི་ལས་དོན།
          མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་ཚེས31ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཞིང་ཆེན་དེའི་2021ལོའི་དམངས་འཚོའི་ལས་དོན་དངོས་ཀྱི་འདུ་འགོད་ཁྱབ་བསྒྲགས་བྱས་པའི་ནང་དུ། ལས་ཞུགས་ལ་སྐུལ་འདེད་དང་། སློབ་གསོའི་སྤུས་ཚད་ལེགས་གཏོང་། སྡོད་ཁང་འགན་ལེན་བྱེད་པ། རྒན་བཀུར་བྱིས་སྐྱོང་སོགས་རིགས་བཅུ་ཡི་དམངས་འཚོའི་ལས་དོན་དངོས་45ཚུད་ཡོད་པ་རེད།
          “(དམངས་འཚོའི་ལས་དོན་དངོས)སྤྱི་འདོམས་སྐུལ་སྤེལ་བཏང་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཁག་རིམ་བཞིན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ” 2021ལོའི་ལོ་འཁོར་གྱི་དམངས་འཚོའི་ལས་དོན་དངོས་སྤེལ་བར་མཚོ་སྔོན་གྱིས་རྣམ་གྲངས་སྡུད་ཁྱོན་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་གཅིག་སྡུད་རེ་ཞུར་དེ་བས་དོ་ཁུར་བྱ་རྒྱུ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཉིང་གིས་བརྗོད་པ་རེད།
          —— ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད། མཚོ་སྔོན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་དང་དམག་ཞབས་ཐིམས་པའི་དམག་མི་སོགས་ལས་ཞུགས་གཙོ་གནད་ཚོགས་སྤྱི་དང་། ཁེ་ལས་ཀྱི་ལས་བཟོ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལ་ཕྱོགས་ནས་མི་ཐེངས་ཁྲི་10ལ་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དང་། “བུད་མེད་ཀྱི་ཁྱིམ་ལས་གསོ་སྦྱོང་འདུ་འགོད”ལག་བསྟར་དང་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་བ་བརྒྱུད་ཕུལ་དུ་བྱུང་བའི་ཁྱིམ་ལས་ཞབས་ཞུའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
          —— སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བའི་ཁྱབ་ཁོངས། བུ་བཅོལ་ཁང་21གསར་སྐྲུན་རྒྱས་སྐྲུན་བྱེད་པ་དང་། གྲོང་ཚོ་ཆེན་པོར་ལོགས་སུ་བུ་བཅོལ་ཁང་འཛུགས་པ་དང་གྲོང་ཚོ་ཆུང་ངུས་མཉམ་འབྲེལ་ཐོག་བུ་བཅོལ་ཁང་འཛུགས་པ་སོགས་བྱེད་ཐབས་སྣ་མང་བརྒྱུད་བྱིས་པའི་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་ཁག་གི་ལྷན་སྦྱར་བུ་བཅོལ་ཁང་ལ་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཕྲུ་གུ་བུ་བཅོལ་ཁང་དུ་གཏོང་དཀའ་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱ་རྒྱུ་རེད།
          —— སྡོད་ཁང་འགན་ལེན་འདུ་འགོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་གྲས་ཀྱི་སྡོད་ཁང་ཁྲི་5.15སྒྱུར་བཀོད་བྱ་རྒྱུ་དང་། སྤྱི་པའི་བོགས་གཏོང་ཁང་པ་བཀོད་སྒྲིག་གཉེར་སྐྱོང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དངོས་པོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་དཀོན་པའི་དུད་ཚང་6753ལ་སྡོད་ཁང་བོགས་ལེན་གྱི་ཁ་གསབ་སྤྲོད་པ་དང་། ཞིང་འབྲོག་དུད་ཚང་ཁྲི་4ཡི་སྡོད་ཁང་ཆ་རྐྱེན་ཕྱོགས་བསྡུས་ལེགས་གཏོང་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་རེད།
          —— བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད། མཚོ་སྔོན་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་བྱ་སྤྱོད་ལ་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ་བཏོན་ནས་སྨན་ཡོན་མི་དགོས་པར་སྨན་བཅོས་དང་གཤགས་བཅོས་བྱས་པ་སོགས་བརྒྱུད་གསར་དུ་ཐོན་པའི་ཐུམ་འབུའི་ནད་པ་ཚང་མ་སྐྱོབ་བཅོས་བྱས་པ་དང། འདུས་འདྲིལ་གཅོང་ནད་ཀྱི་གཙོ་གནད་མི་ཚོགས་ཁྲི་1.5ལ་གྲལ་བཤེར་བྱས་ནས་འདུས་འདྲིལ་གཅོང་ནད་ཀྱི་ནད་པ་3000ལ་ཚད་ལྡན་དོ་དམ་དང་སྨན་བཅོས་བྱས་པ་དང་། ལོ་65དང་དེ་ཡན་གྱི་རྒན་རྒོན་ལ་རིན་མེད་བདེ་ཐང་བརྟག་དཔྱད་བྱས་པ་རེད།
          —— རྒན་བཀུར་བྱིས་སྐྱོང་ཐད། གྲོང་གསེབ་ཀྱི་བདེ་སྐྱིད་རོགས་རེས་གླིང་30གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། བྱིས་པ་དབང་པོ་སྐྱོན་ཅན་3200ལ་སྙུན་དྭངས་རོགས་སྐྱོབ་ཞབས་ཞུ་མཁོ་འདོན་བྱས་པ། དབང་པོ་སྐྱོན་ཅན་ཁྲི་1དང་། 2000 2300ལ་གཞི་རྩའི་རམ་འདེགས་ཡོ་ཆས་སྤྲོད་པའི་ཞབས་ཞུ་དང་བཅོལ་གཉོར་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། ད་དུང་ཉེར་མཁོའི་ལག་རྩལ་གསོ་སྦྱོང་ཡང་བྱས་པ་རེད།
          —— གྲོང་གསེབ་དར་རྒྱས་འདུ་འགོད། “ས་མཐོའི་མཛེས་ལྡན་གྲོང་ཚོ”295དང་། སྤྱི་ལེ་ངོས་གྲུ་300ཡི་ས་ཆུ་ཤོར་སྐྱོན་བཅོས་སྒྲིག གྲོང་ཚོ་20ཡི་འཚོ་བའི་བཙོག་ཆུ་བཅོས་སྒྲིག གྲོང་གསེབ་གློག་དྲ་བརྟན་གཏོང་མཐོར་འདེགས་ལས་གྲྭ མི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག “གསང་སྤྱོད་གསར་བརྗེ” གྲོང་གསེབ་གཞུང་ལམ་བདག་སྐྱོང་སོགས་ཀྱི་རྣམ་གྲངས་ལ་སྤྱི་འདོམས་སྐུལ་སྤེལ་བྱས་པ་རེད།
          —— རིག་གནས་དམངས་ཕན་ཁྱབ་ཁོངས། ཡིད་འོང་མཚོ་སྔོན་གྱི་རིག་རྩལ་རྟ་དམག་ཧྲག་པོ་གཞི་རིམ་དུ་བསྐྱོད་དེ་འཁྲབ་སྟོན་ཐེངས་700བྱས་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཐད་གཏོང་སྲུང་སྐར་ས་ངོས་བསྡུ་ལེན་གྱི་ཁྱིམ་སྤྱོད་སྒྲིག་བཀོད་སྒྲིག་ཆས་ཁྲི་108ལ་ཉམས་གསོ་ཞབས་ཞུ་མཁོ་འདོན་བྱས་པ་དང་། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་20སྐྱེད་སྲིང་བྱས་པ། གྲོང་གསེབ་ཡུལ་སྐོར་གྱི་མཛེས་ལྗོངས་ལམ་ཐིག་རྩེ་གྲ་8འོས་སྦྱོར་བྱས་པ་བཅས་རེད།
          —— དམངས་ཕན་ཤར་གཏོང་འདུ་འགོད། སྤྱི་པའི་རླངས་འཁོར་འཇོག་ས་བཟོ་བ་དང་། ཁུལ་ཆུང་མང་པོ་ཡོད་པའི་ལམ་དུམ་དུ་ཧེ་བག་ཅན་གྱི་གནས་སྐབས་འཁོར་འཇོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། གྲོང་ཁུལ་དུ་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཞི་ལྷོད་དུ་བཏང་བ་དང་། རླངས་འཁོར་འཇོག་ས་3090མང་དུ་བཏང་ཡོད་པ་རེད།
          —— ལྗང་མདོག་ཞིང་དར་ཐད། མུའུ་ཁྲི་30ཡི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ། རྫས་ལུད་དང་ཞིང་སྨན་ཉུང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བའི་ཚོད་ལྟའི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དང་། ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་ཚད། ཞིང་སྤྱོད་འགྱིག་ཤོག་རྙིང་པ་ཚུར་བསྡུ་བེད་སྤྱོད་བྱེད་ཚད་85%དང་། 82% 90%བཅས་སོ་སོར་ཟིན་ཡོད་པ་རེད།
          —— ཕྱོགས་བསྡུས་བཅོས་སྒྲིག་ཐད། དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་སྔར་བས་ལེགས་སུ་བཏང་ནས། མང་ཚོགས་ཀྱི་རེ་ཞུ་དང་འགལ་བ་སོགས་ལ་སྔར་བས་ནུས་ཆེ་དང་སྟབས་བདེའི“གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།