ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

འགྲིམ་འགྲུལ་ཉེན་རྟོག་པ་ཡིན་ནམ། ངས་གློག་དམར་ཞིག་བརྒལ་རྒྱུ་ཡིན།

སྤེལ་དུས 2021-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          རྒྱལ་ཁབ་ཀྱི་རིན་གོང་མཐོ་བའི་སྨན་བཅོས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་རྩ་འཛུགས་བྱེད་ཐེངས་གཉིས་པ་ཚེས14ཉིན་ཐན་ཅིན་དུ་འོས་སྐུལ་གསལ་བསྒྲགས་བྱས་ཤིང་དེའི་ནང་བདམས་ཐོན་བྱུང་བའི་མཇུག་འབྲས་ཡང་ཐོན་པ་རེད།
          ད་ཐེངས་ཀྱི་མིས་བཟོས་རུས་ཚིགས་ཉོ་སྒྲུབ་ཐོན་རྫས་ནི་དཔྱི་ཚིགས་དང་པུས་ཚིགས་རེད། ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ཀྱི་ཆ་སྙོམས་རིན་གོང་ཆག་ཚད82%ཟིན་པ་དང་སྔོན་རྩིས་ལྟར་ན་གྲོན་དངུལ་སྒོར་དུང་ཕྱུར160གྲོན་ཆུང་བྱ་ཐུབ། ལོ་དང་པོར་སྒྲིག་ཆས་ཆ་ཚང་ཁྱོན་བསྡོམས་ཁྲི54ཉོ་སྒྲུབ་བྱ་རྩིས་ཡོད་ལ་ཉོ་སྒྲུབ་ཀྱི་དུས་འཁོར་ནི་ལོ2རེད།
          གོང་བཅག་རྗེས། དཔྱི་ཚིགས་ལ་ཆ་སྙོམས་རིན་གོང་སྒོར7000ཙམ་ཡིན་ལ། པུས་ཚིགས་ལ་ཆ་སྙོམས་རིན་གོང་སྒོར5000ཙམ་རེད།
          རིན་གོང་མཐོ་བའི་སྨན་བཅོས་རྒྱུ་ཆའི་དགོས་མེད་རིན་གོང་ད་དུང་མུ་མཐུད་མར་བཅག་སྟེ་མང་ཚོགས་སྔར་ལས་མང་པོར་ཕན་བདེ་བསྐྲུན་རྒྱུ་རེད།
རྩོམ་སྒྲིག་པ།  རིག་གྲོལ།