ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གཏེར་ལེན་ཁའི་ས་ཡོམ་རིམ་པ་5.8ཀྱི་ཡོམ་ལྟེར་གྲལ་བཤེར་བྱས་པ་བརྒྱུད་གནས་སྐབས་གནོད་འཚེ་ཕོག་པའི་སྙན་སེང་འབྱོར་མེད་པ།

སྤེལ་དུས 2022-01-26 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་ཟླ་དང་པོའི་ཚེས་23ཉིན་ལས་དོན་མི་སྣས་གཏེར་ལེན་ཁ་ཟམ་པར་གྲལ་བཤེར་བྱེད་བཞིན་པ།
            གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་འཕྲལ་སྡོམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཏེར་ལེན་ཁ་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.8བརྒྱབ་རྗེས་གཏེར་ལེན་ཁ་གྲོང་ཁྱེར་འཕྲལ་སྡོམ་ཅུས་ཀྱིས་འཕྲལ་མར་མི་སྣ་སྒྲིག་འཛུགས་བྱས་ནས། ཡོམ་ལྟེ་དང་དེ་བཞིན་ཤང་དང་གྲོང་རྡལ་ཁག་གི་ཁྲོམ་གཞུང་དུ་ས་ཡོམ་བརྒྱབ་རྗེས་ཀྱི་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་དང་གྲལ་བཤེར་བྱེད་པར་བསྐྱོད་པ་དང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་སྙན་ཞུ་གནས་སྐབས་འབྱོར་མེད་པ་རེད། ཟླ་1ཚེས་23ཉིན་གྱི་ཆུ་ཚོད་10དང་སྐར་མ་21ཙམ་ལ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི་8ཟིན་ཡོད། ད་ཐེངས་ས་ཡོམ་གྱི་ཡོམ་ལྟེ་ནི་ཧ་ལ་མཚོའི་ནུབ་བྱང་ངོས་ཀྱི་མི་མེད་ཁུལ་དུ་གནས་ཤིང་། གཏེར་ལེན་ཁ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་119ཙམ་ཡོད་པ་དང་། ཀན་སུའུ་ཅ་ཡུས་ཀོན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་168ཡོད། ཡོམ་ལྟེའི་ཉེ་འཁོར་གྱི་སྤྱི་ལེ་20ཡི་སར་མཚོ་སྔོན་ཞིང་ཆེན་དབྱི་ཁེ་སུའུ་ལི་དབྱར་དུས་རྩྭ་ར་གནས་པ་དང་། སྤྱི་ལེ་50ཡི་ཁོངས་སུ་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་བཀལ་ཤུལ་ཤང་གནས་ཡོད་པ་རེད། མཚོ་ནུབ་ཀྲོའུ་འཕྲལ་སྡོམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་གཏེར་ལེན་ཁ་གྲོང་ཁྱེར་འཕྲལ་སྡོམ་ཅུས་ཀྱིས་ལས་དོན་ཚོགས་ཆུང་གསུམ་སྒྲིག་འཛུགས་བྱས་ཏེ། ཡོམ་ལྟེ་དང་དེ་བཞིན་ཤང་དང་གྲོང་རྡལ་ཁག་གི་ཁྲོམ་གཞུང་དུ་བསྐྱོད་ནས་ས་ཡོམ་བརྒྱབ་རྗེས་ཀྱི་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཐེམ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་ཡོམ་ལྟེའི་ཕྱོགས་སུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། ཡོམ་ལྟེར་བརྟག་དཔྱད་བྱེད་མཁན་ཚོས་ལེབ་བཤེར་བྱས་པར་གཞིགས་ན། ཡོམ་ལྟེ་དང་ཉེ་འགྲམ་གྱི་གྲོང་ཚོ་དང་གྲོང་རྡལ་ཚང་མ་རྒྱུན་གཏན་ལྟར་ཡིན་པ་དང་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད། གཏེར་ལེན་ཁ་གྲོང་ཁྱེར་འཕྲལ་སྡོམ་ཅུས་ཀྱི་ཅུས་ཀྲང་ཝང་ཧྲའོ་ཁྲུན་གྱིས་ངོ་སྤྲོད་བྱས་པར། ས་ཡོམ་བརྒྱབ་པ་ནས་བཟུང་ས་གནས་དེས་འཕྲལ་སྡོམ་དང་། སྤྱི་བདེ། ཆུ་བེད། མེ་ཟོན་སོགས་སྡེ་ཚན་དང་དེ་བཞིན་ཤང་དང་གྲོང་རྡལ་ཁག་གི་ཁྲོམ་གཞུང་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སོལ་རླངས་མདོང་ལམ་དང་། ཆུ་བེད་སྒྲིག་བཀོད། སྤྱི་པའི་བྱེད་སྒོ་སྤེལ་ཡུལ། བཟོ་གཏེར་ཚོང་དོན་ཁེ་ལས། གྲོང་མིའི་སྡོད་ཁང་བཅས་ལ་གྲལ་བཤེར་བྱས་ཡོད། ཤེས་རྟོགས་རགས་ཙམ་བྱས་པར་གཞིགས་ན། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུ་བེད་སྒྲིག་བཀོད་དང་རང་བྱུང་སོལ་རླངས་མཁོ་འདོན་གྱི་སྒྲིག་བཀོད་ཚང་མར་ཤུགས་རྐྱེན་ཕོག་མེད་པ་དང་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་། བཟོ་གཏེར་ཚོང་དོན་ཁེ་ལས། གྲོང་མིའི་སྡོད་ཁང་བཅས་དང་། དེ་བཞིན་ཉེན་ཆེའི་འབྱུང་ཁུངས་གལ་ཆེན་ཚང་མ་རྒྱུན་གཏན་ལྟར་ཡིན་པ་རེད། མེ་ཟོན་རོགས་སྐྱོབ་མི་སྣ་དང་། སྤྱི་བདེ་སྡེ་ཚན། སྤྱི་ཚོགས་རོགས་སྐྱོབ་མི་སྣ་བཅས་ཚང་མ་བསྡུ་རུབ་བྱས་ཏེ་བཀའ་སྒུག་ནས་བསྡད་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད་པ་དང་ས་ཡོམ་བརྒྱབ་རྗེས་གྲོང་ཁྱེར་ཡོངས་ཀྱི་གནས་ཚུལ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།