▶ཨ་ནུ་རིང་ལུགས་ལ་བཅར་འདྲི་བྱས་པ།
སྤེལ་དུས 2022-02-17
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཨ་ནུ་རིང་ལུགས་ཀྱི་བོད་སྐད་གླུ་གཞས《འཕུར》ཞེས་པ་བཏང་བ།
2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་གོང་གི་གྲ་སྒྲིག་ལེ་ཚན་དུ་པེ་ཅིང་བྱ་ཚང་ནས་བོད་ཀྱི་རོལ་དབྱངས་ཚན་སྡེབ་ཨ་ནུ་རིང་ལུགས་ཀྱི་བོད་སྐད་གླུ་གཞས《འཕུར》ཞེས་པ་བཏང་བས་ཚང་མས་དེ་ལ་ཧ་ཅང་དགའ་པོ་བྱེད་བཞིན་ཡོད། གླུ་གཞས་དེ་ཐོག་མ་ལེན་མཁན་གོང་པ་དང་པ་ཡག་གཉིས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་ཡིན་པ་དང་། ཁོང་གཉིས་ཀྱིས་རང་ཉིད་ཀྱི་གླུ་གཞས་དེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྟེང་བཏང་བ་ཤེས་རྗེས། དགའ་སྤྲོ་ཆེན་པོ་སྐྱེས་པ་དང་སེམས་སུ་སྤོབས་པས་ཁེངས་ཤིང་། མི་རིགས་མཉམ་འདྲེས་ཀྱི་རོལ་དབྱངས་ནི་རྒྱལ་མཚམས་བརྒལ་ནས་རྒྱལ་སྤྱིའི་སྟེང་བསྐྱོད་ཐུབ་པར་སྔར་ལས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་བོད་ལྗོངས་དྲ་བས་ཨ་ནུ་རིང་ལུགས་དང་དྲ་བ་སྦྲེལ་ནས་ཁྱེད་དང་མཉམ་དུ་གླུ་གཞས《འཕུར》གྱི་རྒྱབ་ལོགས་ཀྱི་གསར་རྩོམ་གཏམ་རྒྱུད་ཉམས་སུ་མྱོང་བར་བྱ།
རྩོམ་སྒྲིག་པ། བདེ་སྒྲོན།