ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་དྲོད་གྲངས་མར་བབས་ཏེ་ཁ་བ་འབབ་པ་དང་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད།

སྤེལ་དུས 2022-02-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          མཚོ་སྔོན་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན། སྐོར་རིམ་དང་པོའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པ་འོག  སྔོན་དཔག་ལྟར་ན་ཟླ2པའི་ཚེས18ཉིན་ནས་ཚེས20ཉིན་བར། རང་ཞིང་གིས་ས་ཁུལ་མང་ཆེ་བར་དྲོད་གྲངས་མར་ཆག་པ་དང་། ཁ་བ་འབབ་པ་དང་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་དང་། དེའི་བར་སྐབས་སུ་དྲོད་གྲངས་ཧྲེ་ཧྲི་ཏུའུ6ནས8མར་ཆག་པ་དང་། ས་ཁུལ་སྐོར་ཞིག་ལ་དྲོད་གྲངས་ཧྲེ་ཧྲི་ཏུའུ10ཡན་ལ་འབབ་རྒྱུ་ཡིན་ཞིང་། དྲོད་གྲངས་མར་ཆག་པ་དེ་གཙོ་བོ་ཟླ2པའི་ཚེས18ཉིན་ནས་ཚེས19ཉིན་བར་ཟི་ལིང་དང་མཚོ་ཤར། མཚོ་ནུབ་ཤར་རྒྱུད། མཚོ་བྱང་། རྨ་ལྷོ། ཡུས་ཧྲུའུ། མགོ་ལོག་ཏུ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་པ་དང་། མདོ་ལ་རི་ཁུལ་དང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་ཁ་བ་འབྲིང་ཙམ་འབབ་པ་དང་།བྱང་ཕྱོགས་ས་ཁུལ་དུ་ཁ་བ་འབབ་ཚད་གཙོ་བོ་ཟླ2པའི་ཚེས18ཉིན་གཅིག་བསྡུས་ཡིན་པ་དང་། ལྷོ་རྒྱུད་ས་ཁུལ་དུ་ཁ་བ་འབབ་ཚད་གཙོ་བོ་གཅིག་བསྡུས་སྒོས་ཟླ2པའི་ཚེས19ཉིན་ཡིན་ཞིང་། ཚྭ་འདམ་གཞོང་དང་མཚོ་སྔོན་པོ་ས་ཁུལ་དུ་ཚད་རིམ6ནས7བར་གྱི་ནུབ་རླུང་གཡུག་པ་དང་། ཟི་ལིང་དང་མཚོ་ཤར་དུ་ཚད་རིམ4ནས5ཡི་ཤར་རླུང་གཡུག་རྒྱུ་རེད། 
          སྔོན་བརྡའི་ནང་དོན་བྱེ་བྲག་ལྟར་ན། ཟླ2པའི་ཚེས18ཉིན། མཚོ་ནུབ་ཤར་ཕྱོགས་དང་མཚོ་བྱང་དུ་ཁངས་འབྲིང་ཙམ་འབབ་པ་དང་། ཟི་ལིང་དང་མཚོ་ཤར། རྨ་ལྷོ་རུ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་ཞིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་གནངས་བ་ནས་གནམ་ཐིངས་རྒྱུ་ཡིན་པ་དང་། བྱང་ཕྱོགས་ས་ཁུལ་གྱི་ཆེས་མཐོ་བའི་དྲོད་གྲངས་ཧྲེ་ཧྲི་ཏུའུ4ནས6མར་ཆག་པ་དང་། ཚྭ་འདམ་གཞོང་དང་མཚོ་སྔོན་པོའི་མཐའ་བསྐོར་གྱི་ས་ཁུལ་དུ་ཚད་རིམ6ནས7གྱི་ནུབ་རླུང་གཡུག་རྒྱུ་ཡིན་པ་དང་། ཟི་ལིང་དང་མཚོ་ཤར་དུ་ཚད་རིམ4ནས5ཡི་ཤར་རླུང་གཡུག་རྒྱུ་ཡིན་ལ། ཟླ2པའི་ཚེས19ཉིན། ཡུས་ཧྲུའུ་ཡི་ས་ཁུལ་མང་ཆེ་བ་དང་། མགོ་ལོག་ལྷོ་ཕྱོགས་སུ་ཁངས་ཆུང་ཆུང་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་མང་ཆེ་བར་སྤྲིན་གནངས་བ་ནས་གནམ་ཐིངས་རྒྱུ་རེད། བྱང་ཕྱོགས་ས་ཁུལ་གྱི་ཆེས་མཐོ་བའི་དྲོད་གྲངས་བསྟུད་མར་ཧྲེ་ཧྲི་ཏུའུ2ནས4མར་ཆག་པ་དང་། དེའི་ཁྲོད་ཟི་ལིང་ཉེ་འཁོར་ས་ཁུལ་གྱི་ཆེས་མཐོ་བའི་དྲོད་གྲངས་ཧྲེ་ཧྲི་ཏུའུ་ལྡོག་མའི5ཡས་མས་མར་ཆག་པ་དང་། ཟླ2པའི་ཚེས20ཉིན། ཡུས་ཧྲུའུ་ཡི་ས་ཁུལ་མང་ཆེ་བ་དང་། མགོ་ལོག་ལྷོ་རྒྱུད་དུ་ཁངས་ཆུང་ཆུང་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་གནངས་བ་ནས་གནམ་ཐིངས་རྒྱུ་ཡིན་པ་དང་། བྱང་ཕྱོགས་ས་ཁུལ་གྱི་ཆེས་དམའ་བའི་དྲོད་གྲངས་ཧྲེ་ཧྲི་ཏུའུ4ནས6མར་ཆག་པ་དང་། དེའི་ཁྲོད་ཟི་ལིང་ཉེ་འཁོར་ས་ཁུལ་གྱི་ཆེས་དམའ་བའི་དྲོད་གྲངས་ཧྲེ་ཧྲི་ཏུའུ་ལྡོག་མའི15ཡས་མས་མར་ཆག་རྒྱུ་རེད། 
          གནམ་གཤིས་བརྟག་དཔྱད་ཆེད་མཁས་པའི་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གོ་རིམ་དེ་བྱང་ཕྱོགས་ས་ཁུལ་གྱི་དྲོད་གྲངས་མར་ཆག་ཚད་ཅུང་ཆེ་བ་དང་བསྟུན་ནས་རླུང་གཡུག་པའི་གནམ་གཤིས་ཡོད་པ་དང་། ཤར་བྱང་ས་ཁུལ་དུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས་སྒྲིག་ཆས་ཐད་ཀྱི་ཤུགས་རྐྱེན་ལ་འགོག་སྲུང་བྱེད་དགོས། ད་ལྟ་དཔྱིད་དུས་སྐྱེལ་འདྲེན་གྱི་སྐབས་སུ་གནས་ཡོད་པས། འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས་ཞེས་བསྟན།  །