ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ།

སྤེལ་དུས 2022-04-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ལྕགས་རི་རིང་པོ་དང་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལས་དོན་གྱི་མཚོ་སྔོན་འགོ་ཁྲིད་ཚོགས་ཆུང་གིས། 《ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་སྲུང་སྐྱོང་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ་རེད།
          《འཆར་འགོད》ནང་། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་དུས་བཅད་ཁ་གསལ་བཟོས་ཏེ། དོ་དམ་ཚོད་འཛིན་གྱི་སྲུང་སྐྱོང་ཁུལ་དང་། བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁུལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཁུལ། སྲོལ་རྒྱུན་བེད་སྤྱོད་ཁུལ་བཅས་བྱེད་ནུས་ཁུལ་རིགས་བཞི་ལ་དབྱེ་སྟེ། སྲུང་སྐྱོང་རྒྱུན་འཛིན་དང་། ཞིབ་འཇུག་སྔོག་འདོན། ཁོར་ཡུག་ལེ་ལག་ཚང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། གྲངས་འཛིན་བསྐྱར་མངོན་བཅས་རྨང་གཞིའི་འདུ་འགོད་ཆེན་པོ་ལྔར་དམིགས་ནས། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ཁག་15བཏོན་ཡོད་པ་རེད།
          《འཆར་འགོད》ནང་མཐའ་འཁྱོངས་ལྔ་གཙོ་གནད་ཐོག་མངོན་པར་བྱས་པ་སྟེ། “སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ”དང་། “རིག་གནས་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ཁྱད་ཆོས་མངོན་པ”“སྤྱི་ཡོངས་འཆར་འགོད་མཐའ་འཁྱོངས་ཀྱིས་སྤྱི་འདོམས་འཆར་འགོད་བྱེད་པ”“སྐྱེ་ཁམས་སྲུང་སྐྱོང་མཐའ་འཁྱོངས་ཀྱིས་ལྗང་མདོག་འཕེལ་རྒྱས་གཏོང་བ”“ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་རིགས་དབྱེའི་མཛུབ་ཁྲིད་བྱེད་པ”བཅས་རེད། 《འཆར་འགོད》ལག་བསྟར་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་ཆེད། རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྲིད་ཇུས་ཀྱི་འདེགས་སྐྱོར། ཤེས་ལྡན་མི་སྣའི་འགན་ལེན། སྤྱི་དམངས་ཞུགས་པ་སོགས་ཐད་དེ་མཚུངས་ཀྱི་འགན་ལེན་བྱེད་ཐབས་ཁ་གསལ་བཟོས་ཡོད་པ་རེད།
          གཙོ་ཐིག་ལ་སྤྱི་ལེ་363ཡོད་པའི་མཚོ་སྔོན་གྱི་མིན་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཀྲུང་གོ་ལྕགས་རི་རིང་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། དེར་ལོ་རྒྱུས་རིག་གནས་དང་། ཚན་རིག་ཞིབ་འཇུག རིག་གནས་མཛེས་ལྗོངས་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་པས། དེ་ནི་མིག་སྔར་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་མིན་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཤུལ་བཞག་ཅིག་རེད། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་ལྔ་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ཡོངས་བསྒྲགས་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།