ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱིས་ཆེད་སྤྱོད་བགྲོད་ལམ195ཤར་གཏོང་བྱས་ཏེ་རྡོ་སོལ་དང་གློག་གི་སྐྱེལ་འདྲེན་ལ་འགན་ལེན་བྱས་པ།

སྤེལ་དུས 2022-11-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   ཟླ11པའི་ཚེས22ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན།  ནུས་རྒྱུ་ཞབས་ཞུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་ལེགས་གཏོང་གི་ནུས་པ་ཆེ་རུ་བཏང་སྟེ།  ད་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནུས་རྒྱུ་སོགས་དངོས་ཟོག་གལ་ཆེན་མཁོ་སྤྲོད་འདང་ངེས་ཡོང་བར་འགན་ལེན་བྱ་ཆེད།  ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་དང་མཉམ་དུ་རྡོ་སོལ་དང་གློག་གི་སྐྱེལ་འདྲེན་ཆེད་སྤྱོད་ལམ་བུ195ཤར་གཏོང་བྱས་ནས།  ཞིང་ཆེན་ཡོངས་ཀྱི་རྡོ་སོལ་དང་གློག་སོགས་གཙོ་གནད་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་བདེ་བླག་ཡོང་བའི་འགན་ལེན་བྱས།  ཟླ11པའི་ཚེས21ཉིན་བར།  ཞིང་ཆེན་ཡོངས་ཀྱི་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར280བདེ་བླག་ངང་ཤར་གཏོང་བྱེད་པར་འགན་ལེན་བྱས། 
  དེ་དང་ཆབས་ཅིག  མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་འགྲོ་སྐྱོད་བྱེད་ཚད་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་བཅད་དེ།  གཞུང་ལམ་ཤར་བགྲོད་ཐུབ་པའི་འཕྲལ་སྡོམ་སྔོན་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ།  འབྲེལ་ཡོད་མགོ་ཁྲིད་ཀྱིས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་།  རླངས་འཁོར་ཤར་བགྲོད་ཐུབ་ཚད་མཐོ་རུ་གཏོང་བ།  རླངས་འཁོར་འགག་པ་སོགས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ནས།  ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་རེད།  །