ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

2023ལོའི་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལག་རྩལ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འགོ་ཚུགས།

སྤེལ་དུས 2023-11-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ10པའི་ཚེས25ཉིན་གྱི་སྔ་དྲོར། 2023ལོའི་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལག་རྩལ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འགོ་ཚུགས་ཤིང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་བཅས་ནས་ཡོང་བའི་དགེ་འདུན་པའི་འཐུས་མི་རུ་ཁག5དང་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་སློབ200ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
འགྲན་བསྡུར་གྱི་ཡུལ་དངོས།
             ལག་རྩལ་སྤོ་ལོའི་ལུས་རྩལ་ནི་རྒྱ་ཆེ་བའི་གཞོན་ནུ་དགེ་འདུན་པ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བ། ཞུགས་འདོད་ཆེན་པོ་ཡོད་པའི་ལུས་རྩལ་བྱེད་སྒོ་ཞིག་ཡིན། ད་ལོའི་ཟླ་བཞི་པ་ནས་བཟུང་། སི་ཁྲོན་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལག་རྩལ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་རྒྱ་ཁྱབ་ངང་སྤེལ་ཡོད་ལ། མཐར་རུ་ཁག5ཁྲེང་ཏུའུ་རུ་གཉེར་བའི་རྟིང་རྩོད་འགྲན་བསྡུར་ནང་ཚུད་པ་རེད། རྟིང་རྩོད་འགྲན་བསྡུར་ཁྲོད་རེས་སྐོར་རྐྱང་པའི་འགྲན་བསྡུར་བྱེད་སྟངས་སྤྱད་ཅིང་། དུས་ཡུན་ཉིན་གསུམ་ཡིན་པའི་འགྲན་བསྡུར་ནང་། འཐུས་མི་རུ་ཁག་ཁག་གིས་རྒྱན་འཕེན་པ་བརྒྱུད་ཕན་ཚུན་གྱི་འགྲན་ཡ་དང་གོ་རིམ་གཏན་འཁེལ་བྱ“གོ་རིམ་ལྡན་པའི་ངང་འགྲན་བསྡུར་ནང་ཞུགས་པ་དང་། ཡ་རབས་ངང་འགྲན་བསྡུར་ནང་ཞུགས་པ། བདེ་འཇགས་ངང་འགྲན་བསྡུར་ནང་ཞུགས་པ”བཅས་ཀྱི་འགྲན་སྲོལ་ལག་ལེན་བསྟར་བའི་ཁྲོད་ཕུལ་བྱུང་བརྩོན་ལེན་བྱེད་པ་དང་འབྲེལ། ཕུལ་བྱུང་རྩ་འཛུགས་དང་། ལུས་རྩལ་དར་སྲོལ། ཕུལ་བྱུང་ཚོགས་པ་སོགས་ཀྱི་ཐད་ནས་དུས་རབས་གསར་པའི་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བདེ་ཐང་ཡར་རྒྱས་དང་ཡར་རྒྱས་བརྩོན་ལེན་གྱི་རྣམ་པ་བཟང་པོ་ཧུར་ཐག་གིས་མངོན་ཡོད།
འགྲན་བསྡུར་དྲག་པོ་བྱེད་བཞིན་པའི་རྣམ་པ།
             དགེ་འདུན་པའི་ལག་རྩལ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་གཉེར་བའི་དམིགས་ཡུལ་ནི། གཞོན་ནུ་དགེ་འདུན་པ་ཚོའི་ཉམས་འགྱུར་མངོན་རྒྱུ་དང་། གཞོན་ནུ་དགེ་འདུན་པ་ཚོའི་འདོད་ཕྱོགས་བཟང་པོ་གསོ་སྐྱོང་བྱ་ཆེད་དེ་ཡིན། ད་བར་དུ་སྐབས་གཉིས་གཉེར་ཡོད། མཛའ་གྲོགས་འགྲན་བསྡུར་གྱིས་ལུས་རྩལ་རྣམ་གྲངས་བརྒྱུད་འགྲོ་འོང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་ལ་སྐུལ་འདེད་གཏོང་བ། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ནས། བོད་བརྒྱུད་ནང་བསྟན་ལས་རིགས་སུ་མཐུན་སྒྲིལ་ཡར་ཐོན་དང་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་སྔར་བས་བཏོད་ཡོད།
 
 
རྩོམ་སྒྲིག་པ། རིག་གྲོལ།