ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

བརླན་ས་དོ་དམ་ཅུས་ཀྱིས་འདབ་ཆགས་བྱ་རིགས་སྲུང་སྐྱོབ་ལས་སྒོ་སྤེལ།

སྤེལ་དུས 2023-12-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             མཛོད་དགེ་བརླན་ས་ནི་འདབ་ཆགས་བྱ་རིགས་མང་ས་ཡིན་ལ་གནས་སྤོ་བྱེད་སྐབས་ཀྱི་ངལ་གསོ་ཁུལ་ཡང་ཡིན། ཟླ་11པ་ནས་བྱ་རིགས་གནས་སྤོའི་དུས་སྐབས་གལ་ཆེན་ཞིག་ཡིན། དགུན་དུས་ཀྱི་བྱ་རིགས་སྲུང་སྐྱོབ་ལས་དོན་གང་ལེགས་སྤེལ་བ་དང་། ཁྲིམས་འགལ་རྔོན་བཟུང་སོགས་བྱ་རིགས་ཐོན་ཁུངས་ལ་གནོད་སྐྱེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱེད་ཆེད། ཉེ་ཆར། མཛོད་དགེ་བརླན་ས་དོ་དམ་ཅུས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན།  ཁུལ་བཅས་ཀྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི《བྱ་རིགས་སྲུང་སྐྱོང་གི་ཆེད་དོན་ལས་སྒོ་སྤེལ་བའི་བརྡ་ཐོའི》བླང་བྱ་ལྟར། སྲུང་སྐྱོང་ཁུལ་གྱི་2023ལོའི་སྐོར་ཞིབ་ཇུས་གཞི་དང་གནས་སྤོ་དུས་ཀྱི་བྱ་རིགས་སྲུང་སྐྱོང་གི་ཆེད་དོན་བཅོས་སྐྱོང་ཇུས་གཞི་དང་ཟུང་འབྲེལ་སྒོས། གནས་སྤོའི་དུས་ཀྱི་བྱ་རིགས་སྲུང་སྐྱོང་གི་ཆེད་དོན་བཅོས་སྐྱོང་ལས་སྒོ་སྤེལ་བར་སྐུལ་འདེད་བཏང་།
             སྐོར་ཞིབ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། མཛོད་དགེ་བརླན་ས་དོ་དམ་ཅུས་ཀྱི《བྱ་རིགས་སྲུང་སྐྱོང་གི་ཆེད་དོན་ལས་སྒོ་སྤེལ་བའི་བརྡ་ཐོ》དང《སྲུང་སྐྱོང་ཁུལ་གྱི་སྐོར་ཞིབ་འགན་འཁྲིའི་བཅའ་ཁྲིམས》ཀྱི་བླང་བྱ་ལྟར། དགུན་དུས་ཀྱི་ཆེད་དོན་ལས་སྒོ་སྤེལ་བའི་རིང་ལ་སྲུང་སྐྱོང་ཁུལ་དུ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།  བདག་སྲུང་བས་མཚེའུ་དང་ཆུ་རྒྱུད་གལ་ཆེན་གྱི་གནས་སྤོའི་ལམ་ཐིག་ལ་སྐོར་ཞིབ་བྱས། དུས་བཅད་ལྟར་སྐོར་ཞིབ་ལས་དོན་སྤེལ་ནས་ཞིབ་བཤེར་གནས་ཚུལ་ཡར་ཞུ་བྱས་ནས་འཕྲལ་མར་ཐག་གཅོད་ལ་འགན་ལེན་བྱས།
དྲིལ་སྒྲོག་དང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་ཚན་པ་ཁག་གིས་དུས་ཚོད་བཀོད་སྒྲིག་ལྟར་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་སྒོས་གྲོང་སྡེ་ཚོགས་འདུ་དང་གཉིས་འབྲེལ་གཅིག་བསྐྱོད་སོགས་བརྒྱུད་བྱ་རིགས་གཅེས་སྲུང་གི་དྲིལ་སྒྲོག་གང་ལེགས་སྤེལ་ནས། མང་ཚོགས་ཀྱི་ཁྲིམས་ལུགས་དང་སྤྱི་དམངས་ཀྱི་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས།

ཐེངས་འདིའི་ཆེད་དོན་ལས་སྒོར་སྲུང་སྐྱོང་ཁུལ་གྱི་གྲོང་རྡལ་5དང་ཡུལ་ཚོ་2ཀྱི་དུད་ཁྱིམ་28ལ་སྐོར་ཞིབ་བྱས།  མི་ཐེངས་400ལྷག་སྐོར་ཞིབ་ལས་སྒོར་ཞུགས།  དྲིལ་སྒྲོག་ལས་སྒོ་ཐེངས་20ལྷག་སྤེལ་ནས་སྒྲོག་པར་དང་ཞྭ་མོ། ཤོག་ཕོར། ཁོར་སྲུང་ཁུག་མ་1000ལྷག་སྦྱིན།  བྱ་རིགས་ཤི་རྐྱེན་མི་གསལ་བ་དང་བྱ་རིགས་ལ་་གནོད་སྐྱེལ་བའི་ཁྲིམས་འགལ་བྱ་སྤྱོད་མཐོང་མ་བྱུང་།