ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

བཞག་ལྡོམ་མཐའ་བ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་གྲུབ་འབྲས་ཡག་པོ་ཐོབ།

སྤེལ་དུས 2023-12-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཟླ་བཅུ་གཉིས་པའི་བཞག་ལྡོམ་གྲོང་རྡལ་མཐའ་བ་གྲོང་སྡེར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཉེ་ཆར། མཐའ་བ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་9:1གི་བསྡུར་ཚད་ལྟར། ཁེ་སྤོགས་བརྒྱ་ཆའི་དགུ་བཅུ་གྲོང་སྡེ་ཡོངས་ལ་བགོས། ཁེ་སྤོགས་བརྒྱ་ཆའི་བཅུ་དང་མ་དངུལ་ཐུན་མོང་དཔལ་འབྱོར་འཛུགས་སྐྲུན་ཐད་བཀོལ་རྒྱུའི་ཐག་བཅད། ཐེངས་འདིར་གྲོང་སྡེ་ཡོངས་ཀྱི་དུད་ཁྱིམ་181གི་མི་759ལ་ཁེ་སྤོགས་སྒོར་399800བགོ་ཐུབ། མི་རེ་ལ་འབྲས་རྒྱ་མ་50དང་ཕྱེ་རྒྱ་མ་50། སྣུམ་རྒྱ་མ་10བགོས། སྨན་བཅོས་འགན་བཅོལ་ཉོ་སྒྲུབ་ཀྱི་ཁ་གསབ་སྒོར་200སྦྱིན། གཞན་དབུལ་བྲལ་དུད་ཁྱིམ་29ལ་འཚོ་བའི་གསབ་དངུལ་སྒོར་700སྤྲད། དངོས་གནས་གྲོང་སྡེ་ཡོངས་ཀྱི་བསམ་པ་གཅིག་མཐུན་གྱིས་དཀའ་ངལ་ཡོད་པའི་སྡེ་མིར་རོགས་རམ་གང་ལེགས་བྱས།

             ཉེ་བའི་ལོ་ཤས་རིང་། བཞག་ལྡོམ་གྲོང་རྡལ་མཐའ་བ་གྲོང་སྡེ་ཡིས་རྒྱང་སྐྱོད་ལམ་བུ་གསར་པར་འགན་འཁྲི་བློ་ལ་ལེགས་པོར་ངེས་བཞིན་སྡེ་མི་ཡིད་ལ་བཟུང་ནས་འགན་འཁྲི་ལེགས་འཁུར་གྱིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་འབད་པ་ཧུར་ཐག་བྱས། 2013ལོ་ནས་ད་སྔའི་བར་མཐའ་བ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བར་འགྱུར་ལྡོག་མེད་པར། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་དམངས་ལ་བརྩེ་སེམས་ཆེན་མོས་ཞབས་འདེགས་བྱས་པས་སྡེ་མི་བློ་ཡིད་ཚིམས་པར་བྱས། མཐའ་བ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་སྒར་ས། མཉེན་སྒྲིག་དང་རྒྱས་འཛོམས་སྤྲོ་སྐྱིད་གླིང་། བོད་ལུགས་གསོ་ཚགས་རྟེན་གཞི་སོགས་གང་ལེགས་བསྐྲུན་པར་ལོ་རེར་ཡོང་འབབ་སྒོར་ཁྲི་58ལེན་ཐུབ། སྡེ་མིའི་ཡོང་འབབ་ཇེ་མང་དུ་ཕྱིན་པས་དགའ་སྤྲོའི་འཛུམ་གྱིས་ཁེངས། མ་འོངས་པར་མཐའ་བ་གྲོང་སྡེས་མཛོད་དགེ་རྫོང་གི་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས། གྲོང་གསེབ་དར་སྤེལ་གྱི་དུས་རབས་སུ་བསྐྱོད་པར་འབད་པ་ཧུར་ཐག་བྱ་རྒྱུ་རེད།