ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཁ་པར་གྱི་ས་འགུལ་སྔོན་བརྡའི་ནུས་པ་ཕྱེ་ཡོད་དམ།

སྤེལ་དུས 2023-12-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ས་ཡོམ་རྒྱག་སྐབས། སའི་གོ་ལའི་ནང་ཁུལ་དུ་རླབས་གཟུགས་གཉིས་བྱུང་བ་སྟེ། གཅིག་ནིPརླབས(གནོན་རླབས། སྤུས་ཚེག་འདར་འགུལ་དང་ཁྱབ་སྤེལ་ཁ་ཕྱོགས་གཅིག་མཐུན་ཡིན)དེས་མི་ལ་སྟེང་འོག་འགུལ་བའི་མྱོང་ཚོར་སྟེར། གཞན་ཞིག་ནིSརླབས(དྲས་གཏུབ་རླབས། སྤུས་ཚེག་འདར་འགུལ་དང་ཁྱབ་སྤེལ་ཁ་ཕྱོགས་ཐད་གཏུག་ཡིན)དེས་མི་ལ་ཆུ་ངོས་འགུལ་བའི་མྱོར་ཚོར་སྟེར།
             Pརླབས་ནི་རྒྱུགས་མགྱོགས་པས་སྐར་ཆ་རེར་ཕལ་ཆེར་སྟོང་སྨི6ལ་མཆེད་པ་དང་། Sརླབས་ནི་རྒྱུགས་དལ་ཞིང་སྐར་ཆ་རེར་སྟོང་སྨི3.5ལ་མཆེད་བཞིན་ཡོད། Sརླབས་ཀྱི་འདར་འགུལ་ཁོད་ཆེ་ལ། འཁྱེར་བའི་ནུས་ཚད་ནིPརླབས་ཀྱི་ལྡབ་འགའ་ནས་ལྡབ་བཅུ་ཕྲག་ལྷག་ཡིན། དེའི་ཆུ་ངོས་ནས་དྲས་གཏུབ་བྱེད་ནུས་ནི་ཆགས་ཚུལ་ལ་གཏོར་བརླག་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཡིན།

ས་ཡོམ་རིམ་པ5.8བརྒྱབ་པའི་ཡོམ་ཆེན་སྟེགས་བུའི་ཐོག་ཐོ་འགོད་བྱས་པའི་ལྷོ་བྱང་ཕྱོགས་ཀྱི་ཡོམ་འགུལ་ཟིན་ཐོ།
             གལ་ཏེ་ང་ཚོས་ས་ཡོམ་བརྒྱབ་རྗེས་ནུས་ཚད་དེ་བས་མང་བའིSརླབས་མ་སླེབས་གོང་དང་ཐ་ནPརླབས་མ་སླེབས་གོང་གི་སྐར་ཆ་ཁ་ཤས་ནང་ཉེན་བརྡའི་ཐབས་ལམ་ནས་ས་ཡོམ་རྒྱག་སྲིད་པའི་ཆེ་ཆུང་ངམ་ཡང་ན་མི་མངོན་པའི་གཏོར་སྐྱོན་ཤེས་ཚེ། སྤྱི་དམངས་ལ་ཛ་དྲག་གི་ཉེན་གཡོལ་དུས་ཚོད་རག་གི་ཡོད། མྱུར་བགྲོད་ལྕགས་ལམ་དང་། ཉེན་ཡོད་རྫས་འགྱུར་གྱི་ཁེ་ལས། སྨན་ཁང་གི་གཤག་བཅོས་ཁང་སོགས་ཀྱིས་ས་ཡོམ་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སྔ་ཙམ་སྤྱད་དེ་མི་སྣ་ཤི་རྨས་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་ཉུང་དུ་གཏོང་ཆོག་གི་ཡོད། འདི་ནི་ང་ཚོས་བཤད་པའི་ས་ཡོམ་སྔོན་བརྡའི་ནུས་པ་ཡིན།
             ཇི་ལྟར་བྱས་ནས་ས་ཡོམ་གྱི་ཉེན་ཟོན་ཉེན་བརྡའི་ནུས་པ་ཆེ་རུ་གཏོང་དགོས་སམ།
             ས་ཡོམ་གྱི་ཉེན་ཟོན་ཉེན་བརྡ་གཏོང་བའི་ནུས་པ་ཧ་ཅང་གལ་ཆེན་ཡིན་ཞིང་། ཛ་དྲག་གི་དུས་སྐབས་སུ་སྐར་མ་གཅིག་གི་སྔོན་ལ་ཉེན་ཟོན་སྔོན་བརྡ་གཏོང་ཐུབ་ཚེ་ཚང་མར་ཛ་དྲག་ཉེན་སེལ་གྱི་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱེད་ཐུབ་ཀྱི་ཡོད།
             འོན་ཀྱང་མི་མང་པོ་ཞིག་གིས་ཇི་ལྟར་བྱས་ནས་ས་ཡོམ་གྱི་ཉེན་ཟོན་ཉེན་བརྡའི་ནུས་པ་བེད་སྤྱོད་བྱེད་དགོས་པ་ཤེས་ཀྱི་མི་འདུག
             རྐྱེན་མ་བྱུང་གོང་ལ་ཟློག་ཆེད། སྐར་ཆ་བཅུའི་ནང་དུ་ཚང་མར་ཁ་པར་གྱི་ས་ཡོམ་སྔོན་བརྡའི་ནུས་པ་ཇི་ལྟར་འབྱེད་དགོས་ཚུལ་སློབ་རྒྱུ་ཡིན།

“ས་ཡོམ་སྔོན་བརྡ”ཞེས་པའི་གནད་ཚིག་འཚོལ་བཤེར་བྱས་ཏེ། རང་འགུལ་ངང་འབྲེལ་ཡོདAppཕབ་ལེན་བྱེད་དགོས། 
             ཁ་པར་གྱི་ནུས་པ་འདི་ངེས་པར་དུ་ཁ་ཕྱེ་དགོས། ད་དུང་ནང་མི་གཞན་དག་ལ་རོགས་བྱས་ནས་བྱེད་ནུས་འདི་ཁ་ཕྱེ་དགོས། མི་དེ་བས་མང་བར་བརྒྱུད་སྤྲོད་བྱེད་རོགས། 
རྩོམ་སྒྲིག་པ།  རིག་གྲོལ།