ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ངོ་མཚར་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ནོར་བུ། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།

སྤེལ་དུས 2024-02-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གི་དམངས་ཁྲོད་སྲོལ་རྒྱུན་མཛེས་རྩལ་ཡིན་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡ་གྱལ་ཞིག་རེད། མེ་ཏོག་མཆོད་པ་ནི་འབྲི་མར་ཡིས་གཟུགས་དབྱིབས་བཟོ་བའི་དམིགས་བསལ་གྱི་ལག་རྩལ་ཞིག་རེད། ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་15ཉིན་སྐུ་འབུམ་བྱམས་པ་གླིང་དུ་ལོ་གཅིག་དུས་གཅིག་གི་མེ་ཏོག་མཆོད་པ་གཤོམ་གྱི་ཡོད། མེ་ཏོག་མཆོད་པ་བཞེངས་པར་སྒྱུ་རྩལ་མཁས་ཅན་ཚོར་ཕུན་སུམ་ཚོགས་པའི་བསམ་པའི་བཀོད་ཤུགས་དང་ཕུལ་དུ་བྱུང་བའི་རྐོས་རིས་ལག་རྩལ་དགོས་ཤིང་། དེས་ཀྲུང་གོའི་མེ་ཏོག་མཆོད་པ་བཞེངས་སྟངས་ཀྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད། 2006ལོའི་ཟླ་5ཚེས་20ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད།
 
རྩོམ་སྒྲིག་པ། རིག་གྲོལ།