ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་འགའི་སྔོན་དུ། “སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཅིན་ཏ་ཕུང་དང་བཅས་པ་ཝུན་ཁྲོན་གྱི་ས་ཡོམ་རྗེས་ཤུལ་དུ་ཡོང་ནས2008ལོའི་ཝུན་ཁྲོན་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མཆོད་འབུལ་བྱས་པ་རེད། མཉམ་དུ་འགྲོ་མཁན་ལ་པེ་ཅིང་ཞེ་ཧོ་སྨན་ཁང་དང་། པེ་ཅིང་ཞི་ཡོན་སྨན་ཁང་། པེ་ཅིང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སློབ་ཚོགས། པེ་ཅིང་ལེའང་ཞང་སྨན་ཁང་སོགས་ཆེད་མཁས་པ་ཚོགས་པའི་ཁོངས་མི་ཡོད།
སྨན་བཅོས་ཆེད་མཁས་པ་ཚོས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་དྲན་གསོ་ཞུ་བཞིན་པ།
སྨན་བཅོས་ཆེད་མཁས་པ་ཚོས་རིམ་པ་བཞིན་མེ་ཏོག་སོས་པ་འབུལ་བཞིན་པ།
སྨན་བཅོས་ཆེད་མཁས་པ་ཚོས་འགྲེལ་བཤད་ལ་ཉན་བཞིན་པ།
སྨན་བཅོས་ཆེད་མཁས་པ་ཚོས་ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱས་རྗེས་མཉམ་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
རྒྱུས་ལོན་བྱུང་བར་གཞིགས་ན། 2008ལོའི་ཝུན་ཁྲོན་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་གྱི་གཡུལ་ས་མདུན་མར་རྒྱལ་སའི་སྨན་བཅོས་ཆེད་མཁས་པ་ཚོས་དཀའ་ངལ་ལ་མི་སྐྲག་པར་གེགས་ཁུལ་གྱི་མང་ཚོགས་ལ་འཕྲལ་མཁོ་ཆེ་བའི་སྨན་བཅོས་རོགས་སྐྱོབ་བྱས་པ་རེད། དེ་དང་ཆབས་ཅིག་ཁོང་ཚོས་གེགས་ཁུལ་གྱི་དལ་བའི་རང་བཞིན་གྱི་ནད་གཞིའི་གནས་ཚུལ་ལ་སེམས་ཁྲལ་བྱེད་དགོས་བྱུང་བ་དང་། ཉེན་ཁ་ཆེ་བའི་མི་ཚོགས་མང་པོ་ཞིག་གིས་ཐ་ན་ཁྲག་ཤེད་ཀྱང་འཇལ་མྱོང་མེད་པ་རེད། དེ་རྗེས་ཆེད་མཁས་པ་ཚོས་ཐག་རིང་ས་ཁུལ་གྱི་གཅོང་ནད་ལ་དོ་ཁུར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། དེ་ནི“སེམས་ཀླད་ཁྲག་རྩའི་བདེ་ཐང་ལ་གཅེས་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གཅེས་སེམས་བྱེད་སྒོ་འགོ་ཚུགས་པ་ཞིག་ཡིན་ལ། “ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་གཅེས་སེམས་བྱ་སྤྱོད་ཀྱི་འགོ་འཛུགས་ས་ཞིག་ཀྱང་ཡིན་པ་རེད།
“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱ་སྤྱོད་དེ་ལོ་བཅུ་ལྷག་ཙམ་རྒྱུན་འཁྱོངས་བྱས་པ་དང་། ས་ཆ་གང་དུ་སླེབས་ཀྱང་རྒྱལ་སའི་སྨན་བཅོས་ཆེད་མཁས་པ་ཚོའི་སྤུས་ལེགས་འཕྲོད་བསྟེན་དང་བླངས་ཞབས་ཞུ་མཁོ་འདོན་བྱས་ཡོད། ཆེད་མཁས་པ་ཚོའི་ཐུགས་ཁུར་དང་ཆེད་ལས་ཞབས་ཞུས་ས་གནས་དེ་གའི་མི་སེར་ཚོའི་བདེ་ཐང་ལ་སྐུལ་མ་ཐེབས་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་རེད།
རྩོམ་སྒྲིག་པ། དཔལ་གཡང་།