ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

དཀར་མཛེས་ཀྱི་མི་7དང་རྔ་བའི་མི་32ལུས་རྩལ་འགྲན་ཚོགས་འདིར་ཞུགས་རྒྱུ།

སྤེལ་དུས 2024-11-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ཟླ་11པའི་ཚེས་22ཉིན་ནས་ཚེས་30ཉིན་བར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་རེད། སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་ནི་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་ཞིང་ཆེན་ལུས་རྩལ་ཅུས་སོགས་སྡེ་ཚན་དང་། ཕན་ཀྲི་ཧྭ་གྲོང་ཁྱེར། ལེ་ཧྲན་གྲོང་ཁྱེར། རྔ་བ་ཁུལ། དཀར་མཛེས་ཁུལ། ལེའང་ཧྲན་ཁུལ་བཅས་གྲོང་ཁྱེར་(ཁུལ)5དང་། དེ་བཞིན་ཁྲེང་ཏུའུ་ལུས་རྩལ་སློབ་གླིང་། རྔ་བ་དགེ་འོས་སློབ་གླིང་། ཤིས་ཁྲང་སློབ་གླིང་བཅས་མཐོ་སློབ་3ལས་གྲུབ་ཅིང་ཁྱོན་མི་225ཡོད། མུ་ཏིག་སྤོ་ལོ་དང་། ཚུའུ་ཆིའུ་སྤོ་ལོ། ཤུར་མདའ། གླང་ཆེན་གཉའ་རྩལ། འཕང་ལོ། མི་རིགས་ལུགས་ཀྱི་སྦེ་ག མི་རིགས་དྲག་རྩལ། མི་རིགས་ལུས་སྦྱོང་ལུས་རྩལ་སོགས་འགྲན་བསྡུར་རྣམ་གྲངས་10དང་འཁྲབ་སྟོན་རྣམ་གྲངས་7གྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཞིང་། འདི་ནི་སི་ཁྲོན་ཞིང་ཆེན་གྱི་ལོ་རྒྱུས་ཐོག་གི་ཚོགས་པའི་སྒྲིག་འཛུགས་གཞི་ཁྱོན་ཆེ་ཤོས་དང་རྣམ་གྲངས་ནང་ཞུགས་མང་ཤོས་ཀྱི་འགྲན་བསྡུར་ཐེངས་ཤིག་ཡིན་པ་རེད། 

       རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཐེབས་རྒྱ་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་རྗེས་ཐོག་མར་གཉེར་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་སྐབས་སུ་གཉེར་བའི་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་རིག་གནས་བྱེད་སྒོ་ཆེ་གྲས་ཤིག་ཀྱང་ཡིན། 

   

       དཀར་མཛེས་ཁུལ་གྱི་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་འདིའི་ནང་དཀར་མཛེས་ཁུལ་གྱིས་ཁྱོན་མི་7མངགས་པ་དེའི་ནང་རུ་སྣེ་འཁྲིད་མཁན་1དང་། རྩལ་སློབ་དགེ་རྒན་1 ལུས་རྩལ་པ་5བཅས་ཞུགས་ཡོད་པ་དང་། གཙོ་བོ་གཉའ་རྩལ་འགྲན་སྡུར་ནང་ཞུགས་རྒྱུ་རེད། 

       རྔ་བ་ཁུལ་གྱི་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་འདིའི་ནང་རྔ་བ་ཁུལ་གྱིས་ཁྱོན་མི་32 མངགས་པ་དང་། དེའི་ནང་རུ་སྣེ་འཁྲིད་མཁན་2དང་། རྩལ་སློབ་དགེ་རྒན་2 ལུས་རྩལ་པ་28བཅས་ཞུགས་ཡོད་པ་རེད།