གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་དང་མཇལ་འཛོམས་གནང་བ།

སྤེལ་དུས 2018-06-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༧ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་འཚམས་འདྲིར་ཕེབས་པའི་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་མ་ཏེ་སི་དང་མཇལ་འཛོམས་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཀྲུང་ཨ་འབྲེལ་བ་ནི་འཛམ་གླིང་ཐོག་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བའི་གྲས་ཤིག་ཡིན། ཀྲུང་ཨ་དམག་གཉིས་པོའི་འབྲེལ་བ་ལོ་འདི་དག་ནང་གོང་འཕེལ་འགྲོ་ཚུལ་ཡག་པོ་ཡོད་པས། ང་ཚོས་དམག་གཉིས་པོའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་།
            ཞི་ཅིན་ཕིང་གིས། དེང་དུས་འཛམ་གླིང་འདི་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་ཡོད་པ་དང་། འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུ་གོང་འཕེལ་གཏིང་ཟབ་འགྲོ་བ། རྒྱལ་ཁབ་དང་རྒྱལ་ཁབ་བར་ཕན་ཚུན་རྟེན་རེས་སྔར་བས་དམ་ཟབ་ཆགས་པ་བཅས་ཡིན། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས། རྒྱ་སྐྱེད་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་མི་སྲིད་ལ། འཛམ་གླིང་ལ་ཟང་ཟིང་དེ་བས་ཀྱང་བཟོ་མི་སྲིད། ཀྲུང་ཨ་འབྲེལ་བ་ནི་འཛམ་གླིང་ཐོག་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བའི་གྲས་ཤིག་ཡིན། ཀྲུང་ཨ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་ཅུ་སོང་བའི་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས། ཀྲུང་ཨ་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་ན། རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་དང་། འཛམ་གླིང་དང་ས་ཁུལ་གྱི་བརྟན་ལྷིང་དང་། ཞི་བདེ། དར་རྒྱས་བཅས་ལ་ཕན་ཐོགས་ཡོད་པ་མངོན་ཡོད། ཀྲུང་ཨ་གཉིས་པོར་ཁྱབ་ཁོངས་མང་པོའི་ནང་ཐུན་མོང་ཁེ་ཕན་གནས་ཡོད་ཅིང་། འགལ་ཟླ་ལས་ཐུན་མོང་གི་ཆ་མང་བ་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོའི་ནང་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཞན་དག་མཉམ་གནས་ཐུབ་ཀྱི་རེད་ཅེས་གསུངས་པ་དང་།
            ཞི་ཅིན་ཕིང་གིས། ཀྲུང་ཨ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལྟར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་དགོས། ཀྲུང་ཨ་གཉིས་པོའི་བར་ཐུན་མོང་གི་ཁེ་ཕན་གནས་པ་མཐོང་ཐུབ་པ་དང་ཆབས་ཅིག་ང་ཚོས་ཕྱོགས་གཉིས་པོའི་བར་གནས་པའི་འགལ་ཟླ་ལས་གཡོལ་དགོས་དོན་ཡང་མེད། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད། ང་ཚོའི་རྩ་དོན་ནི་བློ་བརྟན་འགྱུར་མེད་ཡིན་ལ་གསལ་པོ་ཡང་ཡིན། མེས་པོས་བཞག་པའི་མངའ་ཁོངས་ས་ཆ་ཚུན་གང་ཡང་ཤོར་དུ་འཇུག་གི་མ་རེད་ལ། མི་གཞན་གྱི་ཅ་ལག་ང་ཚོར་སྐར་མ་གཅིག་ཀྱང་མི་དགོས་ཞེས་གསུངས་པ་དང་།
            ཞི་ཅིན་ཕིང་གིས། དམག་གཉིས་པོའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་ནང་། དམག་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱུང་ཡོད། དམག་ཇུས་མཁས་པས་དམག་འཁྲུག་སློང་ལ་འཛེམས་ཟོན་བྱེད། དམག་གཉིས་པོའི་བང་རིམ་ཁག་གི་འགྲོ་འོང་དང་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ། དོགས་པ་སེལ་རྒྱུ་དང་། གོ་ནོར་ཐེབས་པ་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྔོན་འགོག་བྱེད་རྒྱུར་ཕན་ཐོགས་ཡོད། དམག་གཉིས་པོའི་བར་འབྲེལ་ལམ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། མཉམ་ལས་ཟབ་ཏུ་གཏོང་བ། ཉེན་ཁ་ལྟ་སྡོམ་བཅས་བྱས་ཏེ། དམག་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བརྟན་ལྷིང་ཡོ་ཆས་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་དང་།
            མ་ཏེ་སིས་ཞི་ཅིན་ཕིང་ནས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་རིས་རྒྱལ་ཁབ་གཉིས་པོ་དང་དམག་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། དམག་གཉིས་པོའི་འབྲེལ་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་གནས་བབ་ནུས་པ་ཧ་ཅང་གལ་ཆེན་པོ་བཟུང་ཡོད། ཨ་རིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གལ་ཆེའི་ངོས་འཛིན་གཅིག་གྱུར་བྱུང་བས་སྣེ་ཁྲིད་བྱས་ཏེ། འབྲེལ་ལམ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། འགལ་ཟླ་དང་ཉེན་ཁ་ལྟ་སྡོམ་བྱེད་པ། གདོང་ཐུག་དང་ཁ་གཏད་ལངས་རྒྱུར་སྔོན་འགོག་བཅས་བྱས་ནས། དམག་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ལ་འགྱུར་བ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
            མ་ཏེ་སིས་ཙུང་ཐུང་ཐེ་རོན་ཕུ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཞི་ཅིན་ཕིང་གིས་མ་ཏེ་སི་ལ་ཙུང་ཐུང་ཐེ་རོན་ཕུར་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་ཡོད།
            རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཝེ་ཧྥུང་ཧོ་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།