གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

པེ་ཅིང་གི་དབུ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་དུས་རབས་ཀྱི་ལེའུ་གསར་པ་བརྩམ་པ།

སྤེལ་དུས 2018-09-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས3ཉིན་ནས་ཚེས4ཉིན་བར།“མཉམ་ལས་གཉིས་ཁེ། ལག་གདང་སྦྲེལ་ཏེ་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་རྒྱལ་ཁའི་ངང་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་ལམ་གྱི་རྣམ་པ་གསར་པ་བསྟན་པ་དང་། འཛམ་གླིང་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“ལག་གདང་སྦྲེལ་ནས་སྐྱིད་སྡུག་མཉམ་མྱོང་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི”ཆོད་སེམས་བརྟན་པོ་ཁྱབ་བསྒྲགས་ཁ་གསལ་གནང་པ། ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་གཉིས་ཕན་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བསམ་ཕྱོགས་དང་འདོད་བློ་མངོན་བསྒྲགས་གནང་ཡོད།
          ད་རེས་ཀྱི་པེ་ཅིང་གི་དབུ་ཚོགས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་སྡེས་མཛད་སྒོ་གཟབ་རྒྱས་མཉམ་སྒྲུབ་བྱས་ཡོད་ཅིང་། ཀྲུང་གོའི་རྒྱལ་ས་པེ་ཅིང་དུ་དུས་རབས་ཀྱི་མདུན་སར་འགྲེངས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཐོག་མཉམ་ལས་གླེང་པ་དང་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། འགོ་འཛུགས་ས་གསར་པའི་ཐོག་བློ་སེམས་གཅིག་སྒྲིལ་གྱིས་ཕུགས་འདུན་བསྐྲུན་པ། མ་འོངས་པར་འཆར་འགོད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ལོ་རྒྱུས་རིང་པོར་ཁ་དོག་གསར་པ་བསྣན་ཡོད་པ་རེད། པེ་ཅིང་གི་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་དེས་ནི་འཛམ་གླིང་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པ་མངོན་བསྒྲགས་བྱས་ཡོད།
          ཀྲུང་གོ་དང་ཨ་ཧྥེ་རི་ཁ་སྟེ་གཅིག་ནི་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་ལ་ཅིག་ཤོས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རེད། རྒྱ་མཚོ་ཆེན་པོས་ཆོད་པའི་འདུས་སྡོད་ཆེ་ཤོས་ཀྱི་སྐམ་ས་ཆེན་པོ་གཉིས་ཀྱི་གནའ་བོའི་དཔལ་ཡོན་གཉིས་ནི་སྟོན་འགོའི་དུས་ཚིགས་སུ་སླར་ཡང་ཕྱག་འཇུ་གནང་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས2018 ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གཙོ་དོན་གཏམ་བཤད་གནང་པར་དོན་སྙིང་གལ་ཆེན་ལྡན་ལ།དེས་ནི ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཕྱོགས་ཡོངས་ནས་ལྷག་བསམ་རྣམ་དག་གི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་རྒྱུན་འཁྱོངས་གནང་པ་འགྲེལ་བརྗོད་གནང་ཞིང་། དེའི་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་ལམ་ཡངས་པོ་དང་འདུན་པ་བཟང་པོ་མངོན་པར་མཚོན་ཡོད་ཅིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་མཉམ་སེལ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་དུས་རབས་ཀྱི་ལེའུ་གསར་པ་རྩོམ་པར་ཁ་དོག་གསར་པ་བསྩལ་ཡོད་པ་རེད།
          ཐུན་མོང་གི་དམིགས་ཡུལ་གཅིག་གི་ཆེད་དུ།  ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ53ཀྱི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ། འཐུས་ཚབ་ཚོགས་པའི་ཚོགས་གཙོ་རྣམས་ཀྱིས་རི་ཆུ་སྟོང་ཕྲག་གི་བར་ཐག་བརྒལ་ཏེ་འདི་གར་སླེབས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཀྱི་འགན་འཁུར་པ་ཡང་སླེབས་ཡོད་པ་རེད། “ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་པ། མཛའ་མཐུན་མཉམ་ལས་རྒྱ་སྐྱེད་བཏང་སྟེ་ཕན་ཚུན་བརྩི་འཇོག་གནང་ཞིང་དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཕན་གྱི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་ལམ་གསར་པ་ཞིག་ལ་བསྐྱོད་འདོད་ཡོད་པ་དང་། འཛམ་གླིང་འདི་ཉིད་དེ་བས་ཞི་བདེ་དང་ལྷིང་འཇགས། འགྲོ་བ་མིའི་རིགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་དགོས”ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་སྐད་སྙན་མོ་དེ་ནི་པེ་ཅིང་གི་མཁའ་དབྱིངས་སུ་ཁྱབ་ཡོད་ཅིང་། འདི་ནི་འགན་འཁྲི་མཉམ་འཁུར་དང་མཉམ་ལས་མཉམ་རྒྱལ། བདེ་སྐྱིད་མཉམ་སྐྲུན། འཆམ་མཐུན་མཉམ་གནས་ཀྱི་མཚོན་བྱ་དངོས་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་བདེ་ཤེས་སླའི་ཐོག་ཕྱོགས་དྲུག་ཐད་ནས“སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ” ལ་ཁྱོན་ཡོངས་ནས་འགྲེལ་བཤད་ཡག་པོ་བརྒྱབ་ཡོད་པ་རེད།
          ཀྲུང་ཧྥེ་ཕྱོགས་གཉིས་མྱོང་བ་དང་ཐུན་མོང་གི་འགན་འཁྲི་གཅིག་་མཚུངས་ཀྱི་དབང་གིས་འདས་ཟིན་པའི་ལོ་ངོ18ཀྱི་ལོ་ཟླའི་ནང་བསམ་ཕྱོགས་དང་འཚོལ་སྙེགས་གཅིག་མཚུངས་ཡིན་ཞིང་ཕན་ཚུན་ལ་ལྟ་སྐྱོང་གནང་སྟེ། ཁྱད་ཆོས་མངོན་གསལ་ལྡན་པའི་མཉམ་ལས་མཉམ་ཁེའི་བགྲོད་ལམ་ཞིག་ཏུ་བསྐྱོད་པ་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་ལ་ལྷག་བསམ་གྱི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་བཏོན་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཡོང་ཆེད“མཉམ་ལས་འཆར་གཞི་ཆེན་པོ་བཅུ”གཏན་འབེབས་གནང་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་་སྐུལ་སྤེལ་བཏང་བ་རེད། དོན་དངོས་སུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་སྔ་ས་ནས་བདག་གཞན་མཉམ་བརྗེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་ཡོད་པ་རེད།
          པེ་ཅིང་གི་དབུ་ཚོགས་ཐོག《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་དེ་བས་དམ་ཟབ་འཛུགས་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》དང《ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཏེ། པེ་ཅིང་གི་བྱ་སྤྱོད་འཆར་གཞིའི(2019ལོ་ནས་2021ལོ་བར)》གྲུབ་འབྲས་ཀྱི་ཡིག་ཆ་གཉིས་ལ་གྲོས་འཆམ་བྱུང་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཆེན་པོས“མགྲིན་གཅིག་ཏུ་ཐུན་མོང་གི་བགྲོ་གླེང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྲོལ་རྒྱུན་གྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་པ། དོན་འབྲས་ལྡན་པའི་མཉམ་ལས་ཟབ་སྤེལ་བྱེད་པ། ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཁས་ལེན་གནང་པ”དེ་ནི་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་བཏོན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འབོད་སྐུལ་གསར་པ་ཞིག་རེད།
          ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་འཛུགས་རྒྱུ་དང་། ཨ་ཧྥེ་རི་ཁའི་ཚོང་ཟོག་དང་ལྷག་པར་དུ་ཐོན་ཁུངས་མ་ཡིན་པའི་རིགས་ཀྱི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཨ་ཧྥེ་རི་ཁས་རྒྱལ་ཁབ་ཁག་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་པར་རྒྱབ་སྐྱོར་བྱེད་པ། གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རང་མོས་ཚོང་དོན་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ། ཉོ་ཚོང་བྱ་ཐབས་གསར་པ་དེ་བས་མང་པོ་ཞིག་གིས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྲོམ་ར་ཆེན་པོ་གཏོད་ངེས། ཐོན་ལས་སྐུལ་འདེད་དང་སྒྲིག་ཆས་སྦྲེལ་མཐུད། ཚོང་དོན་སྟབས་བདེ། འབྱུང་འཕྲོད་གོང་འཕེལ། ནུས་པ་འཛུགས་བསྐྲུན། བདེ་ཐང་འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས།  ཞི་བདེ་དང་བདེ་འཇགས་ཏེ།དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བྱ་སྤྱོད་ཆེན་མོ་བརྒྱད”ཁྱབ་བསྒྲགས་བྱས་ནས་ཕྱིས་འབྱུང་ལོ3དང་སླད་ཕྱིན་དུས་སྐབས་ཤིག་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“ལམ་ཐིག་དཔེ་རིས”འབྲི་གནང་མཛད་ཡོད།
          ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་འཁུར་དང་མཉམ་ལས་མཉམ་རྒྱལ་བྱ་རྒྱུ། བདེ་སྐྱིད་མཉམ་སྤྱོད། རིག་གནས་སྤྱི་དར། བདེ་འཇགས་མཉམ་སྐྲུན། འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་། ཀྲུང་ཧྥེ་ཕྱོགས་གཉིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་མཉམ་ལས་མཉམ་ཁེའི་བགྲོད་ལམ་ཞིག་བཏོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་པར་མིག་དཔེ་སྟོན་དགོས།
          ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅིང་བྱས་འབྲས་གཟེངས་ཐོན་བྱུང་ཡོད་ལ། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཏུ་འགྱུར་ངེས་ཤིང་། དེ་བས་ཀྱང་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཕུགས་འདུན་མངོན་འགྱུར་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་ཏུ་གྱུར་ནས་ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་རྣམ་པ་གསར་པ་གཏོད་ངེས། 2018ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གོ་སྐབས་སུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང་ཨ་ཧྥེ་རི་ཁའི་མི་དམངས་མཐུན་སྒྲིལ་དང་དར་རྒྱས་ཡོང་བའི་ཨ་ཧྥེ་རི་ཁའི་ཕུགས་འདུན་སྔ་ཙམ་ནས་མངོན་འགྱུར་ཐུབ་ངེས་ཤིང་། དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བར་སྒུལ་ཤུགས་ཆེན་པོ་རྒྱས་ནས་ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་མདུན་ལམ་བསུས་ཡོད་པ་རེད།