གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

སྤེལ་དུས 2018-09-14 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ9པའི་ཚེས12ཉིན། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཧྥོ་ལཱ་ཏེ་ཝོ་སི་ཐོ་ཁི་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་རྒྱང་ཤར་གྱི་འཕེལ་རྒྱས་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ནས་ཨེ་ཤ་ཡ་ཤར་བྱང་གི་མཛེས་པའི་མ་འོངས་པ་གསར་པ་བསྐྲུན་དགོས་ཞེས་པའི་ཞུ་ཚིག་ཕུལ།
          ཞིན་ཧྭ་གསར་འགྱུར་འགྱུར་ཁང་གི་གློག་འཕྲིན། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་ཧྥོ་ལཱ་ཏེ་ཝོ་སི་ཐོ་ཁི་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐུར་ཐུའུ་ལེ་ག འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན། ཧན་གོའི་ཙུང་ལི་ལིས་ལོ་ཡོན་སོགས་གྲོས་ཚོགས་ལ་ཞུགས།
          ཞི་ཅིན་ཕིང་གིས་ཁ་ཡིག་ལ་རྒྱང་ཤར་གྱི་འཕེལ་རྒྱས་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ནས་ཨེ་ཤ་ཡ་ཤར་བྱང་གི་མཛེས་པའི་མ་འོངས་པ་གསར་པ་བསྐྲུན་དགོས་ཞེས་པའི་ཞུ་ཚིག་ཕུལ་ནས། ཀྲུང་གོས་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་བ། ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་བྱས་ཏེ། རང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།
          ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་གྱིས་དངོས་སུ་གྲོས་འགོ་བཏོན་པའི་འོག་ཏུ། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་གསུམ་ལ་ཕུན་སུམ་ཚོགས་པར་བསྡུས་ནས། ཕྱོགས་སོ་སོའི་བློ་གྲོས་གཅིག་སྡུད་དང་མཉམ་གྲོས་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད། ཀྲུང་གོ་ནི་དུས་ནམ་ཡིན་རུང་ཨུ་རུ་སིའི་རྒྱང་ཤར་མཉམ་ལས་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་མཁན་དང་ཟབ་ཞུགས་བྱེད་མཁན་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་ཨུ་རུ་སིའི་རྒྱང་ཤར་མཉམ་ལས་ལ་ཞུགས་པར་གྲུབ་འབྲས་མངོན་གསལ་ཐོབ། ཀྲུང་གོས་ཨུ་རུ་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱད་སྟོབས་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་གྱིས་ཀྲུང་གོ་དང་ཨུ་རུ་སིའི་རྒྱང་ཤར་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།
          ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་པའི་འོག་ཏུ། ང་ཚོས་ལག་རྡང་མཉམ་སྦྲེལ་གྱིས་མཉམ་ལས་ལ་ཤུགས་སྣོན་དགོས་ཏེ། གཅིག ཡིད་ཆེས་ཇེ་ཆེར་བཏང་ནས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། གཉིས། མཉམ་ལས་ཟབ་སྤེལ་བྱས་ནས་རྒྱལ་ཁབ་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། གསུམ། ཕན་ཚུན་ལ་སློབ་སྦྱོང་བྱས་ཏེ་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་དགོས། བཞི། ཡུན་རིང་པོར་དམིགས་ནས་ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།
          ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མུ་མཐུད་དུ་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། ཨུ་རུ་སིའི་རྒྱང་ཤར་དང་ཨེ་ཤ་ཡ་ཤར་བྱང་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ས་ཁུལ་རང་གི་སྣེ་མང་ཅན་དང་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཐུན་མོང་གི་ཁེ་ཕན་ཆེ་རུ་བསྐྱེད་ནས། ས་ཁུལ་རང་གི་མི་དམངས་ལ་མཉམ་ལས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་རྒྱང་ཤར་དང་ཨེ་ཤ་ཡ་ཤར་བྱང་གི་སྔར་ལས་མཛེས་པའི་མ་འོངས་པ་བསྐྲུན་དགོས་ཟེར།