གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།

སྤེལ་དུས 2018-09-17 ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་བོད་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་སུང་ཞུའེ་ཡུས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་བཅས་ཚོགས་འདུར་ཞུགས།
          སུང་ཞུའེ་ཡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ། སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་བོད་ཁུལ་གྱི་ལས་རིགས་སློབ་གསོ་ལ་བརྟེན་ནས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་སྐྱེད་སྲིང་བྱེད་པའི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་དང་སློབ་གསོ་གཉིས་མཉམ་བསྲེས་བྱེད་པ། སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་སྤེལ་ནས། བོད་ཁུལ་དང་ནང་ལོགས་ཀྱི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ་དང་། ལག་རྩལ་དང་རྩལ་ནུས་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།
          མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཚོགས་འདུའི་སྟེང་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། དུས་ཐོག་ཏུ་འཁེལ་བ་ལ། བརྗོད་དོན་བཟང་ཞིང་གྲུབ་འབྲས་ལེགས། གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཉམས་མྱོང་སྤྱི་སྡོམ་ནན་མོ་བྱེད་པ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བོད་ཁུལ་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་གཅིག་གྱུར་འཆར་འགོད་དང་ཆེ་ཕྱོགས་མཛུབ་སྟོན་ལ་སྔར་ལས་ཤུགས་བསྣན་ནས། བོད་ཁུལ་གྱི་ལས་རིགས་སློབ་གསོའི་རྣམ་པ་གསར་སྐྲུན་བྱེད་དགོས་ཟེར།
          དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། ཞིང་ལྗོངས་སོ་སོའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ལས་རིགས་སློབ་གསོ་བསྒྲུབ་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། ཚོགས་ཐོག་ཏུ། བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཚོགས་ཞུགས་མི་སྣས་ད་དུང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་ལྷོ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་སོགས་སུ་སོང་ནས་ཡུལ་དངོས་ལྟ་སྦྱོང་བྱས།