ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

སྤེལ་དུས 2018-11-05 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཐུན་མོང་དང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཐུན་མོང་དང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་བུད་མེད་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དེང་སྐབས་བུད་མེད་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་སྙིང་དེ་ཁོང་དུ་ཆུད་པར་བྱེད་པ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཕྱོགས་སོ་སོའི་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བུད་མེད་དུས་རབས་ཀྱི་མདུན་གྲས་སུ་སྐྱོད་པར་སྐུལ་སློང་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་གནས་ནས་བྱས་རྗེས་འཇོག་དགོས་ཟེར། 
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་ཐུན་མོང་གི་གླེང་མོལ་ལ་ཞུགས།
           ཞི་ཅིན་ཕིང་གིས་ཐོག་མར་བསྟན་དོན། ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་གྲོལ་བ་དང་། ཚོགས་འདུས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱས་ནས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བུད་མེད་ལས་དོན་དང་བུད་མེད་བྱ་བར་བཀོད་སྒྲིག་བྱས་པ་དང་། གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་ཟེར། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། ཚོགས་ཆེན་རྒྱལ་ཁའི་བསྡུས་པ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་ལ་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཚང་མའི་གཏམ་བཤད་ཁྲོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་རྣམ་འགྱུར་བརྟན་པོ་དང་ཡིད་ཆེས་བརྟན་པོ་མཐོང་ཐུབ་པ་དང་། ཏང་ཀྲུང་དབྱང་གིས་ཁྱེད་ཚོར་རེ་བ་ཆེན་པོ་བཅིངས་ཡོད་ཟེར། 
           ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི། ཏང་གི་བུད་མེད་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་འགན་སྲུང་ཡིན་པ་དང་། འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས་ཟེར། བུད་མེད་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་སློབ་གསོ་སྤེལ་བ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཐད་ཀྱི་ཆབ་སྲིད་ངོས་ཟིན་དང་བསམ་བློའི་ངོས་ཟིན། བརྩེ་སེམས་ཀྱི་ངོས་ཟིན་ཇེ་དྲག་ཏུ་བཏང་སྟེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་བྱ་འགུལ་སྣ་ཚོགས་ཁྲོད་ཁྱབ་པར་བྱེད་པ་དང་། བུད་མེད་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས་ཟེར།
           ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བྱེད་ཐབས་བཟང་བོས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་སྤེལ་བ་དང་། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ལས་ཁུངས་ཀྱི་ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་བསྒྱུར་བ། ཞབས་ཞུའི་ནུས་པ་མཐོར་འདེགས་བྱེད་པ། དཀའ་ངལ་ཁྱད་སེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། བཅོས་བསྒྱུར་གཞི་རིམ་དུ་བཟང་བོར་སྤེལ་བར་ཁག་ཐེག་བྱེད་དགོས། བུད་མེད་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་རྒྱུ་དེ་བྱ་བའི་གཙོ་གནད་དུ་འཛིན་པ་དང་། བུད་མེད་ཀྱིས་ཡིད་ཆེས་བྱེད་ཆོག་པ་དང་རྒྱབ་རྟེན་ཆོག་པ། ཁ་འབྲལ་ཐབས་མེད་པའི་མ་ཁྱིན་དུ་འགྱུར་བར་བྱེད་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་བྱང་ཚད་མཐོ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས་ཟེར། 
           རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་ཡིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས་ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་བཅུ་གཉིས་པ་ཚོགས་པའི་གནས་ཚུལ་དང་བུད་མེད་མཉམ་འབྲེལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་བསམ་ཚུལ་ཡར་ཞུ་བྱས། 
           རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་ཞའོ་ཝེ་དང་ལིག་དབྱང་། ཁྲིན་ཧྭ་ལན་བཅས་ཀྱིས་གཏམ་བཤད། ཏིང་ཞུའེ་ཞང་དང་སུང་ཁྲུང་ལན། དབྱང་ཞའོ་ཏུའུ། གའོ་ཧྲུན་ཁུན། ཧོང་ཁུན་མེན། ཡིའུ་ཆོན་བཅས་གླེང་མོལ་ལ་ཞུགས།