ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

ལྷ་མོ་ཟླ་འོད་གཞོན་ནུ།

སྤེལ་དུས 2010-11-10 ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྲིགས།

མོན་གྱི་སྲིན་པོ་གདོང་དམར་རི་ཁྲོད་ཀྱི་ཐེའུ་རང་བླ་མ་རྐང་གཅིག་གི་ཡིན།   དེའི་སྔོན་སངས་རྒྱས་འོད་སྲུང་གིས་འཇིག་རྟེན་དུ་ཆོས་འཁོར་བསྐོར་བའི་དུས་སུ།   ལྷོ་སྲིན་མོ་ཁྲག་འཁྲུག  ནུབ་ས་བདག་ལྟོ་དཀར།   བྱང་བདུན་ནག་ལྟོ་ལྡིར།   ཤར་བདུད་ཕ་བོང་རིས་མགོ་བཞི་ཡོད་པའི་ནང་ནས་སྲིན་མོ་སྤུན་བདུན་གྱི་གྲལ་དུ་ཡོད་པས།གདུལ་བྱར་མ་གྱུར།   གླིང་རྗེ་གེ་སར་རྒྱལ་པོས་ཐེའུ་རང་བླ་མ་རྐང་གཅིག་འདུལ་བར་ཕེབས་སྐབས་དངོས་མེད་ལྷ་འདྲེ་འཆིང་བའི་ཞགས་པ་བཏབ་སྟེ་སྲིན་མོ་བཟུང་།སྲིན་མོས་ཕྱིན་ཆད་སེམས་ཅན་ལ་གནོད་འཚེ་མི་གཏོང་བ་དང་སངས་རྒྱས་ཀྱི་བསྟན་པ་སྲུང་རྒྱུ་ཁས་བླངས་།སེང་ཆེན་རྒྱལ་པོས་དེའི་མིང་མགོ་ལ་རྡོ་རྗེ་བཞག   ཁ་ལ་བུམ་ཆུ་བླུག་སྟེ་དམ་ལ་བཏགས།   གསང་མཚན་ལ་ལྷ་མོ་ཟླ་འོད་གཞོན་ནུར་གསོལ་ཏེ་སྒྲུབ་བརྒྱུད་བསྟན་པའི་སྲུང་མར་བསྐོས་སོ།