ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

རྒྱལ་བ་དགེ་འདུན་གྲུབ།

སྤེལ་དུས 2010-09-03 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྲིགས།

   ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྗེ་ཙོང་པ་ཆེན་པོའི་དངོས་སློབ་རྒྱལ་བ་དགེ་འདུན་གྲུབ་པ་མཆོག་ནི།གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལགཞག་དང་བན་སྙིང་གཉིས་ཀྱི་མཚམས་སུ་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག༡༣༩༡ལོར་སྐུ་བལྟམས།མཚན་པདྨ་རྡོ་རྗེར་གསོལ།དགུང་ལོ་ལྔ་བཞེས་སྐབས་གྲོང་པ་གཞན་གྱི་ར་རྫི་མཛད་སྐབས་རྡོ་ལ་མ་ཎི་མང་པོ་བྲིས་གནང་བ་མཇལ་རྒྱུ་ཡོད་པར་གྲགས།དགུང་ལོ་བདུན་ལ་ཕེབས་པའི་ཚེ་ཡབ་འདས། ལོ་དེར་སྣར་ཐང་དུ་ཕེབས།དེ་ནས་དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་པའི་སྤྲུལ་སྐུ་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས།མཚན་པདྨ་རྡོ་རྗེ་རང་སོར་བཞག བརྒྱ་སྟོན་ཙནྡྲ་དང་ཤཱཀྱ་དཔལ་ལས་བོད་ཡིག་དང་།ལཉྩ་ཝར་ཧོར་ཡིག་སོགས་གསན་སྦྱོང་མཛད་པས་མཁས་པར་མཁྱེན།དགུང་ལོ་བཅོ་ལྔ་པ་ཤིང་བྱ༡༤༠༥ལོར་དཔལ་སྣར་ཐང་གི་མཁན་ཆེན་གྲུབ་པ་ཤེས་རབ་དང་ཆེན་པོ་བློ་ལྡན་གཉིས་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ།དགུང་ལོ་མཉི་ཤུ་པ་ལྕགས་སྟག༡༤༡༠ལོར་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང་།ཆེན་པོ་བློ་ལྡན་པས་ལས་ཆོག་པ་དང་།ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྡེ་སྟོན་པ་མཛད་དེ་བསྙེན་པ་རྫོགས་པའི་དགེ་སློང་གི་དངོས་པོ་བརྙེས།དགུང་ལོ་ཉེར་ལྔ་པ་ཤིང་ལུག༡༤༡༥ལོར་དབུས་ལ་ཕེབས་ཏེ་རྗེ་ཙོང་ཁ་པ་དང་སེམས་པ་ཆེན་པོ་ཀུན་བཟང་སོགས་ལ་བསྟེན་ནས་ལོ་གསུམ་ཙམ་བཞུགས།དགུང་ལོ་ཉེར་བདུན་བཞེས་པ་ནས་འབྲས་སྤུངས་དགོན་དང་། སེ་ར་ཆོས་སྡིངས།འཕན་ཡུལ་གྲོ་བ་སོགས་སུ་བྱོན།དགུང་ལོ་སོ་ལྔ་པ་ཤིང་སྦྲུལ༡༤༢༥ལོར་གསང་ཕུའི་འཆད་ཉན་མཛད།དེ་ལྟར་དབུས་ལ་ལོ་བཅུ་གཉིས་བཞུགས།སོ་དྲུག་པ་མེ་རྟ༡༤༢༦ལོར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ཕེབས།དགུང་ལོ་བཞི་བཅུར་འཇུག་ཊཱིཀྐ་བརྩམས།དགུང་ལོ་ཞེ་གཉིས་པར་བོ་དོང་ལས་ཆོས་དཔག་མེད་ཅིག་གསན་ཏེ་དྲི་བ་དུ་མ་མཛད་པར་ལན་བདེ་བླག་ཏུ་ཕུལ་བས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གསོལ།ལོ་དེ་ཙམ་ལ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བརྩམས།དགུང་ལོ་ཞེ་གསུམ་ན་དབུ་མ་རྩ་ཤེའུ་རྣམ་བཤད་རིན་པོ་ཆེ་ཕྲེང་བ་བརྩམས།དགུང་ལོ་ཞེ་དྲུག་ལ་བྱང་ཆེན་དུ་ཐེག་ཆེན་ཕོ་བྲང་ཆེན་མོ་བཏབ།དགུང་ལོ་ཞེ་བདུན་ནས་ཞེ་དགུའི་བར་ཚད་མ་རིགས་རྒྱན་དང་། འདུལ་བའི་གླེང་འབུམ།སོ་ཐར་གྱི་ཊཱིཀྐ། འདུལ་བའི་བསླབ་ཁྲིམས་ཆེན་མོ་སོགས་དཔེ་ཆ་མང་པོ་ལྗགས་རྩོམ་གནང་།  དགུང་ལོ་ཞེ་བརྒྱད་པ་ས་རྟ༡༤༣༨ལོར་དབུས་སུ་ཕེབས་ཏེ་ཆོས་མང་དུ་ཞུས།དགུང་ལོ་ལྔ་བཅུ་པལྕགས་སྤྲེལ༡༤༤༠ལོར་ཤེས་རབ་སེང་གེ་དང་ལྷན་དུ་སླར་གཙང་ལ་ཕེབས་ཏེ་སྣར་ཐང་དང་། བྱང་ཆེན་སོགས་སུ་འདུལ་བའི་འཆད་ཉན་གཙོ་བོར་མཛད།དེ་ནས་རྗེ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་ནང་རྟེན་ཐུབ་ཆེན་བཞེངས།དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས༡༤༤༧ལོར་དར་རྒྱས་པ་དང་བསོད་ནམས་དཔལ་བཟང་གིས་དགོན་པའི་སྦྱིན་བདག་མཛད་ཅིང་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས།ཤིང་རྟ་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་།དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ཤིང་རྟ༡༤༧༤ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གཟུགས་སྐུ་བཀོད་པ་ཆོས་དབྱིངས་སུ་ཐིམ།སྐུ་གདུང་བཀྲས་ལྷུན་གྱི་དངུལ་སྡོང་མཐོང་བ་དོན་ལྡན་ནང་བཞུགས།ཁོང་གིས་དགུང་ལོ་སོ་ལྔ་ནས་གྱ་བཞིའི་བར་དམ་པའི་ཆོས་ཀྱི་འཆད་ཉན་མཛད་པས་སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་ཅན་དང་།བཙུན་པ། བཟང་པོ། རྣལ་འབྱོར་ལ་བརྩོན་པའི་སློབ་མས་གངས་རིའི་ཁྲོད་དུ་མ་ཁྱབ་པ་མེད་དོ།།བཀའ་རྩོམ་ལ།ཤར་གངས་རི་མསོགས་ཉམས་མགུར་སྒྲུབ་ཐབས་བསྟོད་ ཚོགས་དང་།དབུ་མའི་ལྟ་ཁྲིད》《ཆབ་ཤོག》《སྨོན་ལམསོགས་གསུང་ཐོར་བུ་བ་སྣ་ཚོགས་ཀྱི་སྐོར།ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་འཁྲིད་ཡིག》《དཔལ་གསང་བ་འདུས་པའི་སྒོ་ནས་རབ་གནས་བྱེད་པའི་ཆོ་ག་མདོར་བསྡུས་པ》《དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བདབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་མེ་ལོང》《འདུལ་བའི་གླེང་འབུམ་ཆེན་མོ》《མདོ་ཊཱིཀྐསོགས་པོ་ཏི་བདུན་ཙམ་བཞུགས།