ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

ཐང་ག་བཟོ་རྩལ་གྱི་རི་མོ་མཁན་ཡ་མ་ཚེ་རིང་།

སྤེལ་དུས 2010-09-08 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ།

   ས་གཞི་ཡངས་པོར་འབྲུ་དྲུག་སྨིན་པའི་དྲི་ཞིམ་གྱིས་ཁེངས་པའི་ཕུན་ཚོགས་ཀྱི་དུས་བཟང་འདིར་སྨྱུག་འཛིན་པས་སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཅུས་ཀྱི་རྒྱུན་རིང་མཛེས་རྩལ་པ་ཡ་མ་ཚེ་རིང་ལ་བཅར་འདྲི་བྱས་པ་ཡིན།མི་ཚེ་ནི་མཛེས་རྩལ་གྱི་བརྩམས་ཆོས་ལྟ་བུ་ཞིག་ཡིན་ཞིང་།མིའི་རིགས་ཀྱིས་བསམ་པའི་ཐོག་གི་རེ་འདུན་སྐོང་ཅི་ཐུབ་བྱ་རྒྱུ་ནི་མཛེས་རྩལ་པས་ཕུགས་འདུན་གྱི་དམིགས་ཡུལ་དུ་རྩིས་ནས་བརྩོན་ལེན་བྱ་ཡུལ་དུ་གྱུར། མཛེས་རྩལ་རི་མོ་ལ་བག་ཆགས་ཟབ་མོ་ལྡན་པའི་ཡ་མ་ཚེ་རིང་ཉིད་ཆུང་བྱིས་པའི་དུས་ནས་རི་མོ་འབྲི་རྒྱུར་ཆེས་མོས་པ་ཡོད་པའི་དབང་གིས་ཁོའི་མི་ཚེའི་མདུན་ལམ་དུ་མཛེས་རྩལ་རི་མོས་བརྒྱན། ཁོང་རང་ལོ་ན་དྲུག་ལ་སོན་པའི་སྐབས་སུ།ཨ་མྱེའི་མདུན་ནས་ཁམས་མི་ཉག་རྟའུ་ཡི་ཡུལ་དུ་འཚར་ལོངས་བྱུང་།རྟའུ་ཉི་མཚོ་དགོན་ནི་ཁོ་ཚང་གི་ཉེ་འགྲམ་དུ་གནས་པས། ཁོམ་པ་ཡོད་པའི་དུས་སུ་ཡ་མ་ཚེ་རིང་ཨ་མྱེ་དང་མཉམ་དུ་དགོན་པར་སྐོར་བར་ཕྱིན། དགོན་པའི་ནང་གི་ལྡེབས་རིས་དག་བྱིས་བློས་ཁེངས་པའི་ཡ་མ་ཚེ་རིང་གི་མིག་ལམ་དུ་མངོན་ནས་ཕྱིན་ཆད་རང་ཉིད་མཛེས་རྩལ་གྱི་ལམ་དུ་བསྐྱོད་པར་མ་སྐུལ་དང་ལེན་གྱི་གསོན་ཤུགས་བསྣན་པར་བརྟེན། ཡ་མ་ཚེ་རིང་ཆུང་དུས་སུ་སློབ་གྲྭར་བསྐྱོད་པའི་དུས་སུ། གཟའ་ཉི་མར་འཁེལ་དུས་ཁོང་ཉིད་མཉམ་ལས་ཁང་གིས་འབྲུ་སོག་ར་བ་བྱས་པའི་དགོན་པའི་ནང་དུ་ཕྱིན་ནས་གསོན་ཉམས་ལྡན་པའི་ལྡེབས་རིས་ལ་ཉམས་སུ་མྱོང་བཞིན་ལས་བྱ་འབྲི་དེབ་ཀྱི་ཐོག་ཏུ་འདྲ་བཤུས་བྱས་ཤིང་། དུས་ཚོད་རྒན་པོས་ཚོར་མེད་ཀྱི་གོམ་སྟབས་བསྒྱུར་ནས་སྤྱི་ལོ་1979ལོར་སླེབས་སྐབས། ཁོའི་ཞང་པོ་བདེ་ཆེན་དགོན་པའི་སྤྲུལ་སྐུ་ལ་སྲིད་ཇུས་དོན་འཁྱོལ་བྱས་ནས་རྟའུ་རྗོང་སྲིད་གྲོས་སུ་ལས་ཀ་བཀོད་སྒྲིག་བྱས། དུས་དེ་ནས་བཟུང་ཡ་མ་ཚེ་རིང་ཞང་པོའི་སྐུ་མདུན་ནས་བོད་ཡིག་སྦྱངས་ཀློག་བྱེད་འགོ་ཚུགས། སྒྱུ་རྩལ་ལ་བརྩོན་ལེན་བྱས་པའི་གོ་རིམ་ནི་ལྷག་བསམ་གྱིས་ཁེངས་པའི་ཚེ་སྲོག་གི་ལམ་བུ་ཞིག་ཡིན་ཞིང་། དེ་བས་ན་སེམས་ནང་དུ་བཅངས་པའི་ལྷད་མེད་ཀྱི་ཕུགས་བསམ་ནི་ཨང་དང་པོ་ཡིན་ལ། ལག་རྩལ་གྱི་གནད་དོན་ནི་ཨང་གཉིས་པའི་གྲས་སུ་བཞག་ཆོག་གི་རེད་ཅེས་པའི་མཁས་དབང་གི་ཞལ་རྒྱུན་ལྟར། ཡ་མ་ཚེ་རིང་གིས་མོས་པའི་སེམས་ཤུགས་ཀྱི་བང་རྩལ་དེ་མཛེས་རྩལ་གྱི་ཐང་ཆེན་དུ་བསྒྱུར་ནས་ཕྱིན་ཆད་ཀྱི་མདུན་ལམ་ལ་འཇོན་ནུས་ཀྱི་རྨང་གཞི་བཏིང་། ཇི་སྐད་དུ། བརྩོན་འགྲུས་ཅན་ལ་མི་འགྲུབ་གང་ཡང་མེད་ཅེས་པའི་དཔེ་ལྟར།1982ལོར་ཡ་མ་ཚེ་་རིང་གིས་སྡེ་དགེ་རྫོང་རྫོགས་ཆེན་ཤང་དུ་གནས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད། སློབ་གྲྭ་དེའི་ནང་ལོ་གཅིག་ལ་སྦྱངས་བརྩོན་བྱས་རྗེས། གསོ་བ་རིག་པ་དང་། སྒྲ་རིག་པ། བཟོ་རིག་པ་བཅས་ཀྱི་ཆེད་སྦྱོང་བགོས་པའི་སྐབས་སུ། མཛེས་རྩལ་རི་མོར་ཆེས་མོས་ལྡན་པའི་ཡ་མ་ཚེ་རིང་གིས་བཟོ་རིག་པའི་ཆེད་སྦྱོང་ལ་མིང་ཐོ་འགོད། ཆེད་སྦྱོང་བགོས་རྗེས་སློབ་གྲྭའི་དགེ་རྒན་གྱིས་བཟོ་རིག་འཛིན་གྲྭའི་སློབ་མ་རྣམས་སྙན་པའི་གྲགས་པ་ཁྱབ་པའི་ཁམས་ཕྱོགས་ཀྱི་མཛེས་རྩལ་མཁས་ཅན་ཐང་ལྷ་ཚེ་དབང་གི་སྐུ་མདུན་ལ་བསྐྱལ། ཐང་ལྷ་ཚེ་དབང་གིས་ཁོ་ཚོར་གཟའ་འཁོར་གཅིག་ལ་སློབ་ཁྲིད་ཐེངས་བཞི་གནང་བར་ཕུད། དེ་མིན་གྱི་དུས་ཚོད་ནང་རང་སྦྱོང་ཁོ་ན་བྱེད་དགོས་ཀྱིན་རེད།ཡ་མ་ཚེ་རིང་གིས་མཛེས་རྩལ་རི་མོར་སེམས་རབ་ཏུ་ཆགས་པའི་རྣམ་པ་དེ་ཐང་ལྷ་ཚེ་དབང་གི་སྤྱན་ལམ་དུ་མངོན་མཐར། དུས་རྒྱུན་ཐང་ལྷ་ཚེ་དབང་གིས་ཡ་མ་ཚེ་རིང་ལ་ཟུར་ཁྲིད་བྱས་པས་མ་ཚད། ཁོང་རང་ཉིད་ཀྱིས་མཛེས་རྩལ་རི་མོ་བྲིས་གནང་མཛད་པའི་མྱོང་ཚོར་བརྒྱུད་སྤེལ་གནང་། ཡ་མ་ཚེ་རིང་གིས་ཀྱང་དུས་ཚོད་སྐར་ཆ་ཙམ་ལའང་གཅེས་འཛིན་བྱས་ཏེ། མཛེས་རྩལ་རི་མོ་ལ་བརྩོན་པ་དྲག་པོ་བྱས་པའི་དུས་མཚུངས་སུ། སུམ་རྟགས་དག་གསུམ་དང་། བཟོ་རིག་པའི་རིག་གཞུང་སྦྱོང་པ་དཔྱིས་ཕྱིན་བྱས་མཐར། དགེ་སློབ་ཡོངས་ཀྱི་བསྔགས་བརྗོད་བྱ་ཡུལ་དུ་གྱུར། 1985ལོར་དཀར་མཛེས་ཁུལ་རིག་གནས་ཅུས་བོད་ཀྱི་མཛེས་རྩལ་ཚོ་ཆུང་དུ་ཞུགས། དུས་དེར་ཡ་མ་ཚེ་རིང་གིས་བྲིས་པའི་བརྩམས་ཆོས་སྒྲོལ་ལྗང་གི་ཐང་ག་དེ་དཀར་མཛེས་ཁུལ་དང་། སི་ཁྲོན་ཞིང་ཆེན།རྒྱལ་ཡོངས།དེ་བཞིན་དུ་ཞང་ཀང་། ཧྥ་རན་སི། ཨར་ཅི་ལི་ཡ་བཅས་རྒྱལ་ཁབ་དང་ས་ཁུལ་སོགས་སུ་འཛུགས་གཉེར་བྱས་པའི་འགྲེམ་སྟོན་བྱེད་སྒོའི་ནང་ཞུགས་སྐབས་ལྟད་མོ་ཚོའི་བསྔགས་བརྗོད་ཚད་མེད་ཐོབ་པ་རེད།1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་དཀར་མཛེས་ཁུལ་རིག་གནས་ཅུས་སུ་ལས་བགོས་བྱས། དུས་དེ་ནས་བཟུང་ཡ་མ་ཚེ་རིང་གིས་གཙོ་བོ་མཛེས་རྩལ་དང་གནའ་ཤུལ་རིག་གནས་ཀྱི་ལས་ཀ་བསྒྲུབས་ཞོར་དུ། དར་མདོའི་རྡོ་རྗེ་བྲག་དགོན་དང་ལྷ་མོ་རྩེ་དགོན། ནན་ཅིན་དང་ཧེང་ཀྲེན། ཅང་ཞི་ལུའུ་ཧྲན་བཅས་ཀྱི་དགོན་སྡེའི་ནང་ཡ་མ་ཚེ་རིང་གིས་སོར་རྩེ་ནས་ཐོན་པའི་བརྩམས་ཆོས་དུ་མ་བཞག་ཡོད། ཡ་མ་ཚེ་རིང་གིས་ལོ་མང་རིང་ལ་སྦྱངས་བརྩོན་དང་བརྩོན་ལེན་བྱས་པར་གཡུར་དུ་ཟ་བའི་འབྲས་བུ་སྨིན་པ་ནི་ལོས་ཡིན།1992ལོར་བཀའ་བསྟན་པར་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ལོ་ལྔའི་འཆར་གཞི་བརྒྱད་པའི་ནང་བཞག་པར་བརྟེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེར་བསྡུར་ཅུས་ཀྱིས་ཡ་མ་ཚེ་རིང་ཉིད་རྒྱུན་རིང་གི་རི་མོ་འབྲོ་མཁན་གདན་ཞུ་བྱས་ནས་བཀའ་བསྟན་འགྱུར་གྱི་བར་བཅུག་རི་མོ་ཚང་མ་བྲིས། 2001ལོར་གེ་སར་རྒྱལ་པོ་སྐུ་འཁྲུངས་ནས་ལོ་ཆིག་སྟོང་འཁོར་བའི་སྐབས་སུ་དཀར་མཛེས་ཁུལ་གྱིས་གླིང་སྒྲུང་མཐུན་ཚོགས་བཙུགས་ནས་ཡ་མ་ཚེ་རིང་ལས་འཛིན་པར་བདམས་ཐོན་བྱུང་། ཆུང་དུས་སུ་རིག་རྩལ་གྱི་རྩད་མོ་མཐོང་རྒྱུ་དཀོན་པས་དུས་རྒྱུན་མི་རྒན་ཆོས་གླིང་སྒྲུང་བྱས་པར་མཉམ་འཇོག་བྱས་མཐར། གླིང་སྒྲུང་མོ་སྣ་དང་ཁོར་ཡུག་སོགས་ལ་བག་ཆགས་ཟབ་མོ་ཆགས་ཡོད།