ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།

སྤེལ་དུས 2010-09-17 ཡོང་ཁུངས། 《ཟླ་མཇུག་ཚགས་པར》  རྩོམ་པ་པོ། འབྲུག་མོས་ཞུས།

     སྐུ་ཞབས་དཀོན་ལོ་ལགས་ལ་བཅར་འདྲི་བྱེད་པའི་འདུན་པ་ཞིག་སྔར་ནས་ཡོད་ཀྱང་། བདག་གསར་འགོད་པ་ཞིག་ལ་མཚོན་ན་ཁོང་གི་གནས་ཚུལ་ཅུང་ཆ་ཚང་ཞིག་ཚགས་པར་ཆུང་གྲས་ཙམ་དུ་འགོད་ཐབས་བྲལ་བར་དོགས་མོད། འོན་ཏེ་ཚགས་པར་ཆེ་གྲས་སུ་བསྒྱུར་བའི་སྟེང་དུའང་ཁོའི་གནས་ཚུལ་ཞིབ་ཆ་ལྡན་པ་ཞིག་འགོད་ཐུབ་ངེས་པར་ཆ་མ་འཚལ་བས། ད་རེས་བདག་གིས་བྲེལ་འཚུབ་ཀྱི་བྱ་བའི་བར་གསེང་དུ་ཁོང་ལ་བཅར་འདྲི་བྱས་པ་ཡིན། 
    
དཀོན་ལོའམ་གཞན་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་ནི། ༡༩༥༦ལོར་བསང་ཀླུང་སྔོན་མོ་ད་གྱིས་འབབ་པའི་ཉེ་འགྲམ་གྱི་ཀླུ་གྲགས་ཞེས་པའི་སྡེ་བར་སྐྱེས། ན་ཚོད་ཕྲ་མོ་ནས་ཀྱང་བློ་རིག་རྒོད་ཅིང་ཤེས་བྱ་རིག་པ་སྦྱངས་པར་ཡི་མོས་པ་ཞིག་ལགས་པས། ལོ་དགུའི་སྟེང་ཕ་རྒན་གྱིས་རྫོང་བོད་རིགས་སློབ་ཆུང་དུ་བསྐྱལ་ཏེ་བོད་རྒྱ་ཟུང་གི་ཡི་གེ་ལ་ཐོག་མའི་བག་ཆགས་ཐོབ་པའི་གོ་སྐབས་བྱུང་༡༩༦༩ལོར་རིག་གསར་གྱི་རྐྱེན་ལས་རེ་ཞིག་རང་ཡུལ་དུ་ལོག་སྟེ་ངལ་རྩོལ་གྱི་ལས་ལ་མི་ཞུགས་ཐབས་མེད་བྱུང་། ཡིན་ཡང་ཁོ་བོས་ལས་ཀའི་ཞོར་དུ་སྦྱངས་བརྩོན་གྱི་བགྱི་བ་ཕྲག་ཏུ་བླངས་པར་བརྟེན། ༡༩༧༥ལོར་ཤང་སྲིད་གཞུང་དང་གོང་རིམ་གྱིས་ནུབ་བྱང་མི་རིགས་སློབ་གླིང་དུ་བསྐྱལ། ལོ་ངོ་གསུམ་གྱི་རིང་ལ་ཁོ་བོས་འབད་པ་བླ་ལྷག་བྱས་མཐར་སྦྱངས་མངོན་གསལ་ཐོབ་སྟེ་སློབ་གྲྭས་སློབ་གྲྭ་དེ་གར་དགེ་རྒན་བྱེད་པར་ཡང་ཡང་བསྐུལ་ཡང་། ཁོ་བོས་གོང་རིམ་ལ་རྨ་ཆུའི་འབྲོག་ཁུལ་དུ་སློབ་གསོ་གཉེར་རྒྱུའི་རེ་བ་བཏོན། ༡༩༧༨ལོར་རྨ་ཆུ་རྫོང་མཚེའུ་རུ་མ་ཤང་སློབ་གྲྭའི་སློབ་གཙོའི་འགན་འཁུར་ཏེ། སེམས་ཤུགས་ཡོད་དགུ་སློབ་ཁྲིད་ཀྱི་བགྱི་བ་དོན་དུ་གཉེར་བའི་ཞོར་དུ་སྒྲུང་གཏམ་དང་ལྷུག་རྩོམ་མང་དུ་བྲིས།   རྫོང་རིག་སློབ་ཅུས་ཀྱིས་ཁོང་གིས་མི་རིགས་སློབ་གསོ་ལ་བཅངས་པའི་བརྩེ་སེམས་དང་ཁོའི་འཇོན་ཐང་ལ་གདེང་འཇོག་གནང་སྟེ། ༡༩༨༠ལོར་རྨ་ཆུ་རྫོང་མི་རིགས་སློབ་འབྲིང་བོད་ཡིག་སློབ་དཔྱོད་ཁང་གི་འགོ་འཛིན་པར་བསྐོར། ༡༩༥ལོར་རྫོང་སྲིད་གཞུང་གིས་ཤེས་ལྡན་མི་སྣར་མཐོར་ཆེན་དང་ས་གནས་ཀྱི་དགོས་མཁོ་ལྟར་རྫོང་ཡིག་སྒྱུར་ཁང་གི་འགོ་འཛིན་པར་བསྐོས།   ༡༩༨༨ལོའི་དཔྱིད་ཀར་ཁུལ་རྩོམ་རིག་སྒྱུ་རྩམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་འདྲེན་ཞུས་པ་ལྟར་ཁོང་གིས་ཁུལ ཟླ་ཟེརརྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར། ༡༩༩༢ལོར་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀན་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར། ༡༩༩༨ལོར་ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱབའི་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གྱི་འགན་ཁུར།
    
 ལོ་རབས་བདུན་ཅུ་བ་ནས་ད་ལྟའི་བར་གྱི་བགྲང་བྱ་སུམ་ཅུ་ལྷག་གི་རིང་དུ། ཁོང་གིས་བྱ་བའི་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་རྩེ་གཅིག་ཡིད་ཀྱིས་གཞོལ་བར་བྱས་ཏེ། སྔ་གཞུག་ཏུ་བོད་ཀྱི་རྩོམ་རིག་སྒྱུ་རྩལདང་གངས་ལྗོངས་རིག་གནསསྦྲང་ཆར》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《བོད་ལྗོངས་ནང་བསྟན》《ཟླ་ཟེར》《ཀྲུང་གོའི་བོད་ལྗོངས་》《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《གངས་དཀར་རི་བོ》《རི་བོ་ཉི་ཟླ》《སྤང་ལྗོངས་གསར་བ》《གངས་རྒྱན་མེ་ཏོག》《བོད་ལྗོངས་ཉིན་རེའི་ཚགས་པརདང་མཚོ་སྔོན་བོད་ཡིག་གསར་འགྱུར》《ཀན་ལྷོའི་གསར་འགྱུརསོགས་དུས་དེབ་དང་ཚགས་པར་དུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་རྩོམ། ཆེད་རྩོམ་སོགས་རྩོམ་ཡིག་སུམ་བརྒྱ་ལྷག་བཀོད་པ་མ་ཟད། སྒྲུང་གཏམརྨ་ཆུ་ཁ་ཡི་ངང་ཕྲུགཅེས་པར་ཞིང་ཆེན་དང་ལྗོངས་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། རྒྱལ་ཡོངས་བོད་ཁུལ་གྱི་སློབ་གླིང་དྲུག་གི་ཁྲིད་གཞི་སྟེདེང་རབས་བོད་ཀྱི་རྩོམ་ཡིག་གཅེས་བསྡུསཀྱི་ནང་དུ་བདམས། སྒྲུང་གཏམ། གྲོང་སྡེ་རུ་བྱུང་བའི་གཏམ་རྒྱུད་ལ་རྒྱལ་ཡོངས་སྐབས་དང་བོའི་གངས་ཅན་རྟགས་མའི་བྱ་དགའ་ཐོབ་པ་དང་། གསེར་ཆེན་ཐང་གི་རྩོད་གཞིལ་ཀན་སུའུ་ཞིང་ཆེན་གྱི་ཐེངས་དང་བོའི་དུས་དེབ་མཉམ་འབྲེལ་གྱི་ཕུལ་བྱུང་རྩོམ་ཡིག་གི་བྱ་དགའ་དང་། སྒྲུང་ཐུང་ཡི་སེམས་སྐྱོ་བའི་གཉེན་སྟོནལ་ཟླ་ཟེརརྩོམ་སྒྲིག་ཁང་གི་ཕུལ་བྱུང་རྩོམ་ཡིག་བྱ་དགའ་ཨང་དང་བོ་ཐོབ་པ་དང་།སྡུག་འབྲས་ལ་ཀན་སུའུ་ཞིང་ཆེན་སྐབས་གསུམ་པའི་གྲངས་ཉུང་མི་རིགས་རྩོམ་རིག་བརྩམས་ཆོས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགསསྤྲིན་གྱི་སྒྲ་དབྱངསསུ་བདམས་ཤིང་། རྩྭ་ཐང་གི་གླག་ཕྲུགསོགས་སྒྲུང་གཏམ་བཞི་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི། གསར་བཞད་མེ་ཏོག་ཚོམ་བུཞེས་པའི་དེབ་དང་པོ་དང་གཉིས་པ། གསུམ་པའི་ནང་དུ་རིམ་པར་བདམས། མཛུབ་གུ་ལྔའི་རྩོད་གླེང་སོགས་དམངས་ཁྲོད་ཀྱི་གཏམ་རྒྱུད་ཁག་ལྔ། བོད་ཀྱི་དམངས་ཁྲོད་གཏམ་རྒྱུདཅེས་པའི་དཔེ་དེབ་ཏུ་བདམས། གཟི་ཚ་སྡེ་དགུའི་མཛེས་ལྗོངསསོགས་ལྷུག་རྩོམ་གསུམ་བོད་ཀྱི་དེང་རབས་དཔེ་ཚོགས་སུ་བདམས། ཆང་ལ་ཀན་ལྷོ་ཁུལ་གྱི་སྐབས་གཉིས་པའིསྐལ་བཟང་མེ་ཏོགགི་རྩོམ་རིག་བྱ་དགའ་ཐོབ། རྒྱང་བསྒྲགསའཁྲབ་གཞུང་གསེར་ཆེན་ཐང་གི་རྩོད་གཞིརྒྱལ་ཡོངས་ཐེངས་བཅུ་བའི་བོད་སྐད་རྒྱང་བསྒྲགས་རྩོམ་རིག་གི་བྱ་དགའ་ཨང་དང་བོ་དང་། སྡུག་འབྲསལ་ཨང་གསུམ་པ་ཐོབ། སྙན་ངག་པ་ཞིག་གི་ལུམ་བུཞེས་པའི་རྩོམ་ཡིག་ལ་ལྷ་སའི་ཕྱི་ཕྱོགས་རྩོམ་རིག་གི་ཕུལ་བྱུང་བྱ་དགའ་དང་། དཔྱད་རྩོམརྩོམ་རིག་གི་ཞིང་ས་འདུལ་མཁནཞེས་པ་ལ་ཀན་ལྷོ་རྒྱང་བསྒྲགས་ཁང་གི་རྩོམ་རིག་དཔྱད་རྩོམ་གྱི་བྱ་དགའ་ཨང་དང་བོ་ཐོབ། ལྷུག་རྩོམ། ལབ་ཙེ་བསྟོད་པའི་ཉི་མོདང་ཕ་ཡུལ་གྱི་ཤིང་སློང་དུས་ཆེནསོཊ་བོད་ཀྱི་དེང་རབས་དཔེ་ཚོགསགངས་རིའི་བླ་སྲོགཏུ་བདམས་པས་ཁོང་གིས་དེང་རབས་བོད་ཀྱི་རྩོམ་རིག་གོང་དུ་སྤེལ་བའི་ཐད་ལ་མཛད་རྗེས་འབུར་དུ་ཐོན་པ་ཞིག་བཞག་ཡོད།
  

   རྨ་ཆུའི་དཀོན་ལོ་ཞེས་པའི་མིང་འདི་རང་ཁུལ་ལས་གཞན་བོད་ཀྱི་ཡུལ་གྲུ་འདིའི་རྩོམ་རིག་ལ་འཇུག་པའི་མི་རྣམས་ལ་མཚོན་ན་མི་ཤེས་མཁན་མེད་དེ། ཁོ་བོའི་ཕ་ཡུལ་རྨ་ཆུ་མིན་ནའང་ཡུལ་དེ་ནས་ཁོ་བོའི་རྩོམ་རིག་ལ་འབྲས་བཟང་སྨིན་ཏེ་མཚན་སྙན་རྒྱས་ཕྱིར་མིང་དེ་ལྟར་ཐོགས་པ་རེད། ཁོ་བོའི་ཞི་ཞིང་དུལ་བའི་ངང་རྒྱུད་ལས་ཁེངས་དྲེགས་དཔོན་ཉམས་ཀྱི་རྒྱགས་སྟོབས་བྲལ་བར་མཆོག་དམན་སུ་ཡིན་ཡང་ཁོང་ལ་འདྲེས་ཆེ་ཞིང་། དཀའ་སྡུག་གི་བྱ་བར་འཕྲད་ཀྱང་ཀུ་རེ་དང་ཁོག་ཡངས་ཀྱིས་ཁ་གཏད་དེ་བྱ་བའི་མགོ་མཇུག་ཚེགས་མེད་དུ་འགྲུབ་པར་ཚང་མས་གོང་དུ་བཀུར་ལ་ཁས་འཆེ་པར་བྱེད། ང་ཚོ་བོད་ཀྱི་སྐད་ཡིག་བྱ་བ་བྱེད་མཁན་ཞིག་ཡིན་པས་ན། དུས་ནམ་ཡང་མང་ཚོགས་ཀྱི་སྐད་ཆ་བཤད་ཤེས་དགོས་པའི་ཁར། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་ང་ལེགས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོསཞེས་པའི་སྐད་ཆ་དེ་ནི་ཁོང་གི་བྱ་བའི་མགོ་རྩོམ་ས་དང་མཐུག་བསྡུ་སར་གྱུར་ཡོད།

    རྒྱ་ཆེའི་རོང་འབྲོག་མང་ཚོགས་དབུལ་ཕོངས་ས་ཐར་ནས་ཕྱུག་འགྱུར་གྱི་ལམ་དུ་སྐུལ་ཁྲིད་བྱེད་པར་ཚན་རྩལ་ཤེས་བྱའི་སྐོར་གྱི་དཔེ་དེབ་མི་ཉུང་བ་ཞིག་བསྒྱུར་བ་ལས། འབྲོག་པའི་ལག་རྩལ་བའི་གསོ་སྦྱོང་ལག་དེབ》(རྩྭ་ཐང་། ཕྱུགས་ལས། སྨན་བཅོས་ཞེས་པའི་དེབ་གསུམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། དེ་ལ་ཀན་སུའུ་ཞིང་ཆེན་ཡིག་སྒྱུར་མཐུན་ཚོགས་ཀྱི་ཐེངས་གཉིས་པའི་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་བོ་དང་གཉིས་པ་ཐོབ་ལ། ཁོང་གིས་བསྒྱུར་བའི་ལྷ་ལྡན་གྲོང་ལ་ཕུལ་བའི་གླུདང་བོད་སྒང་མཐོང་བ་ཀུན་སྨོནཞེས་པ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། གཞན་ཡང་ཀན་ལྷོ་ཁུལ་གྱི་རོང་འབྲོག་པའི་ཉེར་མཁོའི་ལག་དེབཅེས་པའི་རྩོམ་སྒྲིག་ལས་སྣོན་དང་ཞུས་ཆེན་གྱི་འགན་ཁུར། ཁོང་གིས་ཡིག་སྒྱུར་བྱས་པའི་ལེའུ་གསུམ་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར། ཤམ་བྷ་ལར་བསྐྱོད་པཞེས་པ་ལན་ཀྲོའུ་གློག་བརྙན་པར་སྐྲུན་བཟོ་གྲྭས་ཕབ་སྐྲུན་འགྲེམ་སྟོན་བྱས་པ་བཅས་ལ་མང་ཚོགས་ཚོས་བསྟོད་པའི་མཐེ་བོང་མཁའ་རུ་བསྒྲེངས། བོད་ཀྱི་སྐད་ཡིག་བྱ་བ་ནི་ཆབ་སྲིད་ཀྱི་རང་བཞིན་མངའ་ཞིང་ཐུན་མོང་མ་ཡིན་པའི་ལས་གནས་ཤིག་ཡིན་ཕྱིར། བྱ་བའི་ལས་གནས་སུ་ཁོ་བོས་ནམ་ཡང་གཟབ་ནན་གྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱེད་བཞིན་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལ་སློབ་སྦྱོང་ནན་ཏན་བགྱིས་ཏེ། རང་ཉིད་ལ་བྱ་བའི་བླང་བྱ་ནན་མོ་འདོན་བཞིན་ལས་ཁུངས་ཀྱི་ལས་བཟོ་བ་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིགདང་དེའིལག་བསྟར་ཞིབ་ཕྲབཟོས་ཤིང་ཁུལ་སྲིད་གཞུང་ལ་ནན་ཞུ་ཡང་ཡང་ཞུས་མཐར་༢༠༠༨ལོར་ཁུལ་སྲིད་གཞུང་གིས་གཏན་ལ་ཕབ་པས། ཁུལ་ཡོངས་སུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། གཞན་ཡང་མི་རིགས་ཤིག་གི་དར་རྒུད་ནི་དེའི་རིག་གནས་དར་རྒྱས་གོང་འཕེལ་དུ་སོང་ཡོད་མེད་ལ་གཞན་དྲང་འཇོག་པའི་ཕྱིར། བགྲང་བྱ་དུ་མའི་རིང་ལ་ཁོང་གིས་སྤྱི་ཚོགས་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ་སྟེ་མཚམས་སྦྱོར་བརྡ་ཁྱབ་དང་སྒོ་བྱང་། སྲང་ལམ་གྱི་མིང་། ལམ་རྟགས། ལས་ཁུངས་ཀྱི་ཐེལ་ཙེ་ཙམ་གྱིས་མི་ཆོག་པར།སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་ནི་གནད་དམ་པ་ཞིག་ཡིན་པར་སྙམ་སྟེ། ཁུལ་ཡོངས་ཀྱི་ལས་ཁུངས་སོ་སོའི་ལས་བཟོ་བའི་ཁྲོད་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་བགྱི་བ་རླབས་པོ་ཆེ་ཕྲག་ཏུ་ཁུར་ནས་བྱ་འགུལ་སྤེལ་དང་སྤེལ་བཞིན་མཆིས།
    
ད་ལྟར་ཁོང་ཉིད་ནི་ཀྲུང་གོའི་དེང་རབས་རྩོམ་རིག་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའི་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་བོད་ཀྱི་རྩོམ་རིག་སློབ་ཚོགས་ཀྱི་ལ་འཛིན་པ། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་མི་རིགས་སྐད་ཡིག་ཡིག་སྒྱུར་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོ་གྲངས་ཉུང་མི་རིགས་གནའ་དཔེ་དཀར་ཆག་ཕྱོགས་བསྒྲིགས་ལས་བོད་རིགས་གླེགས་བམ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཙོ་སྒྲིག་པ་གཞོན་པ། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གན་ཀྱིརྒྱ་བོད་ཤན་སྦྱར་མིང་བརྡ་གསར་བསྒྲིགས་ཚིག་མཛོདརྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་ཡོད། གཞན་ཡང་ཁོང་གི་མཛད་རྗེས། ཤར་ཕྱོགས་རྒྱལ་སྤྱིའི་མི་སྣ་གྲགས་ཅན་གྱི་མིང་མཛོད་ཆེན་མོདང་དུས་སྐབས་གསར་བའི་བོད་ཀྱི་མི་སྣ་གྲགས་ཅན་གྱི་མིང་མཛོད》《ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་བ་གྲགས་ཅན་གྱིད་དེབ་ཐེར》《ཀྲུང་གོའི་ན་གཞོན་རྩོམ་པ་པོ་གྲགས་ཅན་གྱི་མིང་མཛོདསོགས་མིང་མཛོད་ཆེ་གྲས་༢༠ལྷག་ཏུ་བཀོད་ཡོད།