ཇི་སྐད་དུ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གསུངས་པ་ལྟར།སྲིད་ན་ངོམ་པའི་མེས་པོའི་རིག་རྩལ་དང༌།།རང་ཡིད་འཕྲོག་པའི་དེང་གི་རིག་རྩལ་གཉིས།།ཟུང་དུ་སྦྲེལ་ནས་རིག་བརྒྱ་ཕྱོགས་བཅུར་སྤེལ།།དཔལ་ཡོན་གཉིས་ཀྱིས་བསིལ་ལྗོངས་མཛེས་པར་སྐྲུན། །ཞེས་པའི་དཀོངས།་དོན་འདིས་ཀྱང་བོད་ཀྱི་ལྷ་རིས་སྒྱུ་རྩལ་གསར་སྤེལ་ལ་གསལ་བཤད་ཀྱི་ཁ་ཕྱོགས་ཤིག་བསྟན་གནང་ཡོད་པ་རེད།དེ་ཡང་ཁོམ་པའི་དུས་སྐབས་ཤིག་བཙལ་ནས་གསར་འགོད་པ་ཆེད་དུ་ལྷ་རིས་པ་མགོ་ལོག་ཤེས་རབ་ཀྱི་འདུག་གནས་ཏེ།བསང་ཆུ་རྫོང་བླ་བྲང་འདོད་འཇོ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་རུ་སོང་སྟེ།གསར་འརྐད་པས་ཁོང་ལ་ལྷ་རིས་སྒྱུ་རྩལ་ལ་ཞུགས་པའི་མྱོང་ཚོར་དྲིས་ཚེ། ཁོང་གིས་སྤྱིར་བཤད་ན་ངའི་ཨ་ཕ་ནི་ལྷ་རིས་པ་འིག་ཡིན་ཏེ། ང་རང་ལ་ཆུང་དུས་ནས་ལྷ་རིས་སྦྱངས་པའི་བག་ཆགས་བསྐྲུན་ཞིང་མཐུན་རྐྱེན་སྦྱར།ཁོར་ཡུག་དེ་ལས་རང་ཉིད་རིག་གནས་སྤྱི་དང༌། ཁྱད་པར་ལྷ་རིས་སྒྱུ་རྩལ་གྱི་བྱ་བར་སྤྲོ་བ་ཡོད་པ་འིག་ཏུ་གྱུར་པས་ལྷ་རིས་སྒྱུ་རྩལ་སྦྱངས་པའི་འདུན་པ་དེ་ཡེ་ནས་དོར་མ་མྱོང༌། རང་གི་མི་ཚེ་ཕྱེད་ཀྱི་དུས་ཚོད་དེ་རི་མོའི་ལས་ཁོ་ནས་ཟད་ཀྱང༌།གྲུབ་འབྲས་ཕྲན་ཙམ་ཐོབ་པ་འདིས་དཔེ་རྒྱ་མཚོ་ལ་དཀར་ཐིག་ཇི་བཞིན་གངས་ལྗོངས་ཤེས་རིག་གི་དཔལ་དང༌།ནང་སྒོས་སུ་རྒྱལ་ཁམས་ཞི་བདེ་དང་མི་རིགས་འཆམ་མཐུན་གྱི་སྐྱེས་སུ་འབུལ་བར་འདོད།གཞན་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་ལ་རང་རང་གེ་གང་ནུས་ལྟར་བྱས་རྗེས་རི་བོ་ལས་བརྗིད་ཅིང་ཉིན་བྱེད་ལྟར་གསལ་བ་འཇོག་པར་སྣང་བ་དེ་ལྟ་བུ་མ་ནུས་ཀྱང༌།རང་གེ་ནུས་པ་ཕྲ་མོ་འདིས་ཀྱང་ཅི་ལྕོགས་ཀྱིས་ཕ་ཡུལ་གངས་ལྗོངས་ལ་ཟས་རིན་གྱི་དོད་ཙམ་བསྒྲུབ་ཐུབ་ནའང་ཅི་མ་རུང་སྙམ་པའི་སྨོན་སེམས་བཟློག་མེད་ཅིག་སྐྱེས་ཏེ།ད་ལྟའི་བར་ལས་འདི་ལ་བརྩོན་པ་གནང་བའིན་པའི་སྐང་ཡིན་འེས་ཀསུངས།དེ་ནས་གསར་འགོད་པས་རིམ་པར་ཁོང་གེ་ལོ་རྒྱུས་ཞིབ་མོར་རྒྱུས་ལོན་བྱེད་པ་ན།ཁོང་ཉིད་རབ་བྱུང་བཅུ་དྲུག་པ་སྟེ་སྤྱི་ལོ༡༩༦༢ལོར་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོར་མརྒོ་ལོག་ཤར་སྟོད་གཉན་པོ་གཡུ་རྩེའི་ཉེ་འདབས་སུ་གཅིག་སྒྲིལ་རྫོང་གེ་ཁོངས་གཏོགས་ཁང་རྒན་ཞེས་པའི་སྡེ་ཁྲོད་དུ་འཁྲུངས།བྱིས་པ་གཞན་རྣམས་དང་མི་འདྲ་བར་ཆུང་དུས་ནས་རི་མོ་སྣ་ཚོགས་དང་ཡིག་གཟུགས་འབྲི་བ་ལ་འིན་ཏུ་དགའ།ལོ་ན་ཆུང་ངུའི་དུས་ནས་རྔ་ཡུལ་པ་ཏྲ་རྒྱུད་ཀྱི་ལྷ་རིས་པ་མིང་གྲགས་ཅན་རྙི་ཕུ་དརྒོན་གྱི་དགེ་སློང་དབྱིག་གཉེན་གྱི་དྲུང་དུ་བཟོ་ཡི་རིག་པ་མ་ལུས་པ་བསླབ།དེ་ནས་ངེས་དོན་བཟོ་ཡི་སློབ་དཔོན་ཨ་མདོ་བྱམས་པ་སོགས་བཟོ་རིག་གི་སེང་ཆེན་བཅུ་ཕྲག་ཁ་ཤས་བཤེས་གཉེན་དུ་བསྟེན་ཏེ་སྦྱང་བརྩོན་རྡོ་རུས་ཐུག་པར་མཛད།དེ་ནས་མདོ་སྨད་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དུ་འོངས་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་དང་རྗེ་དགེ་འདུན་རྒྱ་མཚོ་ཚང༌།རྗེ་བློ་བཟང་རྒྱ་མཆོ་ཚང་སོགས་ཀྱི་ཞལ་སྔ་ནས་བསྡུས་གཞུང་དང་རྣམ་འགྲེལ།ཕར་ཕྱིན།དབུ་མ།མངོན་པ་མཛོད་སོགས་བཀའ་པོད་ཀྱི་གཞུང་རྣམས་དང༌།མདོ་སྨད་ཀྱི་མ་ཧཱ་པཎྚི་ཏ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་དང་རྗེ་འཇམ་དབྱངས་རྒྱ་མཚོ།ཨ་ཁུ་དཀོན་མཆོག་སོགས་ཀྱི་མདུན་ནས་ཡིག་དཀར་ནག་དང་ལ་ཉྫ་དང་ཝརྟུ་སོགས་ཡིག་གཟུགས་ཀྱི་སྐོར་དང་སུམ་རྟགས་དག་གསུམ་དང་སྙན་ངགསྐར་རྩིས་སོགས་རིག་གནས་ཀྱི་སྐོར་ལ་མཁས་པར་བསླབ།གའན་ཡང་རྒྱའི་གྲོང་ཁྱེར་ཆེན་མོ་པེ་ཅིན་དང་ཧྲང་ཧའེ།ནན་ཅིན་དང་སུའུ་ཀྲོའུ།ཧང་ཀྲོའུ་དང་དབྱང་ཀྲོའུ་སོགས་ནས་རྒྱལ་ཁབ་ཕྱི་ནང་གི་བཟོ་རིག་སྒྱུ་རྩལ་གྱི་ཉམས་མྱོང་མང་བོ་བསྡུ་ལེན་བྱས།གནའ་བོའི་གངས་ལྗོངས་ཀྱི་ལྷ་རིས་སྒྱུ་རྩལ་དང་དེང་རབས་ནུབ་ལུགས་ཀྱི་སྒྱུ་རྩལ་ཟུང་འབྲེལ་གྱིས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་གསོན་ཉམས་ལྡན་པ་ཞིག་བཁེངས་པས་ཡུལ་ཁམས་མང་བོར་སྙན་པའི་གྲགས་པ་ཁྱབ།དེ་རྗེས་གུང་ཐང་སྤྲུལ་བའི་སྐུ་རིན་པོ་ཆེའི་ཁུལ་གསུང་ལྟར་རྗེ་ཁོང་ཉིད་ཀྱི་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དམུ་དགེ་ཐུབ་བསྟན་རིན་པོ་ཆེ་དང་རིགས་ཀུན་ཁྱབ་བདག་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་སོགས་ཀྱི་སྐུ་གཟུགས་གསོན་ཉམས་ལྡན་པ་འདྲ་དཔར་དང་ཁྱད་འབྱེད་དཀའ་བ་དེ་སོགས་ལེགས་པར་བཁེངས།ངེ་ནས་མཁས་པའི་དབང་བོ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དཔེ་ཁྲིད་སོགས་གནང་སྐབས་ཁོང་གི་སྐུ་གཟུགས་ཡིད་དུ་འོང་བ་ཞིག་བཞེངས་པར་ཁོང་རང་གིས་ཀྱང་བདག་དང་ཁྱད་པར་མེད་ཅེས་བསྔགས་བརྗོད་དང་བཅས་རབ་གནས་ཀྱི་མེ་ཏོག་གཏོར།རྗེས་སོར་རྔ་ཡུལ་སྒོ་མང་དརྐོན་གྱི་སྤྲུལ་བའི་སྐུ་རིན་པོ་ཆེ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་ལེགས་པར་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་གྱི་བརྟེན་དུ་དམིགས་ཏེ་བཞེངས་པའི་རྗེ་དམུ་དགེ་བསམ་གཏན་མཆོག་གི་བྲིས་སྐུ་དེ་དེར་གདན་ཞུས་སྐབས་གནམ་སྔོན་བེེཌཱུར་ཞུན་མའི་དབྱིངས་ནས་དབང་བོའི་གཞུ་རིས་རྣམ་པར་བཀྲ་བའི་གུར་ཁྱིམ་ཕུབས་པ་སོགས་རྟེན་འབྲེལ་གྱི་ལྟས་དང་ལྡན་པའོ།ཁྱད་པར་དུ༡༩༨༩ལོར་ཁོང་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་མཛད་རྗེས་མི་དམན་པ་བརྩོན་འགྲུས་རབ་རྒྱས་ཀྱིས་ཆེད་དུ་གཙོ་འགན་བཞེས་ནས་བཞེངས་པ་བོད་དུ་ཆེས་རིང་བའི་ཐང་ག་སྟེ《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》ཞེས་པའི་ལས་ཀའི་གྲས་སུ་ཚུད་དེ་གཙོ་སྐུ་ཀུན་གཟིགས་པཎ་ཆེན་མཆོག་གེ་འདྲ་སྐུ་གནའ་རབས་ཀྱི་སྒྱུ་རྩལ་དང་དེང་རབས་ཀྱི་སྒྱུ་རྩལ་ཟུང་འབྲེལ་གྱི་སྒོ་ནས་ལེགས་པར་བའེངས་པ་ལ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་འབར་བ་རེད།དེ་ནས་གསར་འགོད་པས་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་བྱུང་ཚུལ་སྐོར་དྲིས་ཚེ།ཁོང་གེས་སྤྱིར་བོད་ཀྱི་ཐང་གའམ་ལྷ་རིས་སྒྱུ་རྩལ་འདི་དུས་ནམ་ནས་དར་བ་དང༌།དེའི་བྱུང་ཚུལ་གྱི་ཕྱོགས་ནས་ལན་ཡང་དགfཅིག་འདེབས་རྒྱུ་ནི་ཤིན་ཏུ་དཀའ་མོ་ཞིག་རེད་མོད།འོན་ཏེ།ད་ལྟའི་དངོས་ཡོད་དཔྱད་གཞིའི་ཡིག་ཆ་དང་ལོ་རྒྱུས་དེབ་ཐེར།གནའ་བོའི་ཤུལ་བཞག་དངོས་པོའི་རིགས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཚེ།སྔོན་སྐལ་བ་ཡ་ཐོག་ནས་བཟུང༌།མཐོ་སྒང་འདིར་གནས་པའི་འགྲོ་བ་མིའི་རིགས་ཀྱིས་རང་རང་གི་དད་མོས་དང་བློ་སྟོབས་ལ་བརྟེན་ནས་བྲག་ངོས་ལ་རི་མོ་བརྐོ་བ་ངང༌།ལྤགས་པ་དང་རྐོ་བའི་སྟེང་ལ་རི་མོ་འབྲི་བ།ཕྱིང་བུའི་སྟེང་ལ་རི་མོ་བཀོད་པ།ངེ་ནས་ཐོན་སྐྱེད་ལག་རྩལ་རིམ་གྱིས་རྒོང་འཕེལ་བྱུང་ནས་རས་དར་བ་དང༌།རས་ཀྱི་སྟེང་ལ་རི་མོ་འབྲི་བའི་སྲོལ་བཏོད།གནའ་བོའི་ཡིག་ཚང་ལྟར་ན།རྒྱལ་བོ་སྲོང་བཙན་སྐམ་པོས་རང་གེ་ཤངས་ཁྲག་རྐིས་རས་གཞིའི་སྟེང་ལ་དཔལ་ལྡན་ལྷ་མོའི་སྐུ་ཞིག་བཞེངས་ཡོད་ཅེས་པའི་བཤད་ཚུལ་ཡོད།དེ་ལྟར་ནང་བའི་བསྟན་པ་བོད་གངས་ཅན་གྱི་ལྗོངས་ལ་རིམ་གྱིས་དར་བ་དང་མཉམ་དུ།ཐང་ག་དེའང་ལྷ་གཙོར་བྱས་པའི་རི་མོའི་སྒྱུ་རྩལ་དུ་གྱུར་ཏེ།རིམ་གྱིས་རྒྱ་ཇེ་ཆེ་དང་འཐུས་སྐོ་ཇེ་ཚང་དུ་གྱུར་པ་རེད་ཅེས་གསུངས། དེ་ནས་གསར་འགོད་པས་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ད་ལྟའི་གནས་བབ་སྐོར་དྲིས་ཚེ།ཁོང་གིས་རང་ཅག་ཁ་བའི་ལྗོངས་འདིར་སྔོན་བྱོན་མེས་པོས་གསར་སྐྲུན་དང་འཕེལ་རྒྱས་སུ་བཏང་བའི་ལྷ་རིས་གཙོ་བྱས་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་དེ་ལྟ་བུ་ནི་རང་རྒྱལ་ཙམ་མ་ཟད།རྒྱལ་སྤྱིའི་ཐོག་ཏུའང་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།མཁས་པ་དོར་ཞི་ཚང་ནས་གསུངས་རྒྱུར།ད་སྔ་འཛམ་གླིང་དུ་རི་མོའི་སྒྱུ་རྩལ་ལ་སྣ་གསུམ་བགར་ཡོད།དེ་ནི་ཕྱི་རྒྱལ་གྱི་སྣུམ་ཚོན་རི་མོ་དང༌།རང་རྒྱལ་གྱི་ཆུ་ཚོན་རི་མོ།རང་རེའི་བོད་ཀྱི་ལྷ་རིས་ཐང་ག་བཅས་གསུམ་ཡིན་ཞེས་བསྟན།དེའི་ཐོག་ནས་རང་རིགས་ཀྱི་སྒྱུ་རྩལ་འདི་ཉིད་མེས་རྒྱལ་གྱི་ཤེས་རིག་ནོར་བུའི་བང་མཛོད་ཀྱི་ནང་དུ་རིན་ཐང་གཞལ་དུ་མེད་པའི་ནོར་བུ་གསར་བ་ཞིག་དང་ཁྱད་པར་ཅི།སྤྱིར་ཐང་ག་ཞེས་བརྗོད་པ་ནི་སྤྱི་མིང་ཞིག་སྟེ།རས་ཀྱི་གའི་ལ་རི་མོ་བྲིས་པ་ཡོད་ཚད་ཐང་ག་རུ་འདུ་ཞིང༌།དབྱེ་ན།ཚོན་ཐང་དང་གསེར་ཐང༌།ནག་ཐང༌།དམར་ཐང༌།སྐྱ་ཐང་དང་དཀར་རིས་བཅས་རིགས་དྲུག་ཏུ་ཕྱེས་ཆོག་ཅིང༌།ཆེ་ཆུང་གིས་དབྱེ་ན།ཙ་ཀའམ་ཙ་ཀ་ལི་དང༌།ཐང་ག་གྱན་ཐང་བཅས་གསུམ་དུ་འདོད།དབྱེ་བ་དེ་དག་ཀྱང་རིགས་བསྒྲེ་ན་བྱེ་བྲག་གི་དབྱེ༌།བའང་དུ་མ་འབྱུང་ཐུབ་ཅེས་བཤད།དེང་ཕྱིན་མདོ་དབུས་ཁམས༌།གསུམ་དུ་བོད་ཀྱི་རི་མོའི་སྒྱུ་རྩལ་འདི་ཉིད་རིམ་བཞིན་དར་རྒྱས་ཆེན༌།པོ་བྱུང་བ་དང་མཉམ་དུ།ཁྱད་ཆོས་མངོན་པར་གསལ་བའི་བྱིའུ་སྒང༌།ལུགས་དང༌།སྨན་ཐང་ལུགས།མཁྱེན་བརྩེ་ལུགས།སྐར་བྲིས་ལུགས༌།བཅས་ཐོན་ཏེ།མེ་ཏོག་བརྒྱ་ཕྲག་ཅིག་ཅར་དུ་བའད་ཐུབ་པ་བྱུང༌།།ལྷག་པར་དུ་རྒྱལ་ཁབ་ཀྱིས་དངོས་པོ་མ་ཡིན་པའི་རིག་གནས་ལ༌།མཐོང་ཆེན་བྱེད་པའི་སྐབས་འདིར།བོད་ཀྱི་ལྷ་རིས་ཐང་ག་ལ་མདུན༌།ལྗོངས་རྒྱ་ཆེན་པོ་ལྡན་པར་ང་ཚོར་ཡིད་ཆེས་ཡོད་ཅེས་བཤད།།༢༠༠༨ལོའི་ཟླ༦པར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ༌།སྲིད་སྤྱི་ཁྱབ་ཁང་དང༌།རིག་གནས་པུའུ་ཡིས་ཀན་ལྷོའི་བོད་ཀྱི་ཐང༌།ག་ལ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ༌།བཞག་ཅེས་པའི་མཚན་བྱང་གནང་སྟེ།བསང་ཆུ་རྫོང་བླ་བྲང་འདོད་།འཇོ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་འདི་ལ་ཆེད་དུ་སྤྲད་བྱུང༌།།ཐང་ག་ཀུང་སི་འདི་ནི་ལྷ་རིས་པ་མགོ་ལོག་ཤེས་རབ་རྒྱ་མཚོ་ཕུ་ནུ༌།གཉིས་ཀྱིས་བགྲང་བྱ་མང་བོར་བསགས་པའི་རྣམ་དཔྱོད་ཀྱི་རྩལ་དང༌།དཀའ་སྤྱད་སྡུག་རུས་ལས་སྨིན་པའི་བླ་མེད་མཛད་རྗེས་ཤིག་སྟེ།ལས༌།གཞི་དེར་སྤྱིའི་མ་དངུལ་སྒོར་ཁྲི༣༥༠བཏང་བའི་ལྷ་རིས་ཐང་ག་གཙོ༌།བྱས་པའི་འགྲེམ་སྟོན་ཁང་ཆེན་མོ་ཞིག་ཡིན།སའི་ཚད་ལ༌།མུའུ༡༠དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བའི་མ༥༣༠༠ཡོད་ལ།འཛུགས༌།སྐྲུན་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བའི་མ༣༥༠༠ལྷག་དང༌།།དེར་སློབ་མའི་སྡོད་ཤག་དང་སྨེ་ལེན་ཁང༌།དངོས་རྫས་བཟོ༌།སྐྲུན་ཁང༌།ཚོང་གཉེར་ཁང(གཙག་དྲུབས།གོས་དྲུབས།ལྗེ་བཟོ་སྐྲུན་ཁང)བཅས་འདུས།འགྲེམ་སྟོན་ལ་རྒྱུ་གསེར་དངུལ༌།ཡིན་པའི་དྲན་རྟེན་དངོས་རྫས་དང༌།ཐང་གགོས་དྲུབས།ཟློགཙག་དྲུབས།བརྐོ་བཟོ།གྱོ་བརྐོ།རྔོ་བརྐོས།ཤིང་བརྐོས།ཟམར་རྒྱན་གྱི་འབུར་བཟོ།དཀྱིལ་འཁོར་རི་མོ།ཁྲོ་བོ།ལལྗ་དང་ཝརྟུ་ལ་སོགས་ཀྱི་ཡིག་གཟུགས་སྨ་ཚོགས་འདུས།ལས་གཞི་འདི་ལེགས་གྲུབ་བྱུང་རྗེས།ལོ་རེར་སྤྱི་ཚོགས་ལ་མཐུན་རྐྱེན་བསྐྲུན་ཏེ།ལས་ཤོར་མི་གྲངས་བའི་བཅུ་ལྷག་གི་ལས་ཀའི་དཀའ་ངལ་སེལ་ཐུབ།ད་རུང་ལོ་ལྟར་མི་སྣ་ཉི་ཤུ་རྩ་གྲངས་བསྡུས་ཏེ་ཟབ་སྦྱངས་བྱས་པས།ཐང་ག་ཆེ་ཆུང་སྣ༡༠༠དང༌།ཐང་གའི་རི་མོའི་དེབ༤༠༠༠དང༌།ཐང་གའི་རི་མོའི་དཔར་གྲངས༢༠༠༠༠བསྐྲུན་ཏེ།ལོ་རེར་ཐོན་ཚད་རིན་ཐངརྭསྒོར་ཁྲི༢༠༠ལྷག་ཡིན།རིག་གནས་སྒྱུ་རྩལ་ལྟེ་གནས་འདི་ནི་ཀན་ལྷོ་ཁུལ་ཨུ་དང༌།ཁུལ་མི་དམངས་སྲིད་གཞུང༌།བསང་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འབྲེལ་ཡོད་ཡིག་ཆའི་གཏན་འཁེལ་ལྟར།སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད།བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དར་རྒྱས་དང་རང་ས་གནས་ཀྱི་མི་རིགས་དཔལ་འབྱོར།ཡུལ་སློར་བྱ་གའག་བཅས་བདེ་ཐང་ངང་སྤེལ་བར་མཛད་རྗེས་བླ་མེད་བསྐྲུན་པ་རེད།དེང་གི་དུས་འདིར་རྒྱལ་ཁབ་གོང་འོག་ཀུན་ཏུ་ཚན་རིག་གི་གོང་འཕེལ་ལྟ་བ་སྤེལ་ཏེ།འཆཱམ་མཐུན་གྱི་སྤྱི་ཚོགས་གསར་བ་མཉམ་སྐྲུན་བྱེད་པ་དང་མཉམ་དུ།རླིབས་ཆེ་བའི་མེས་རྒྱལ་བཙུགས་ནས་ལོ་འཁོར་དྲུག་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བསྐལ་བ་བཟང་བོ་དང་འཕྲད་བྱུང༌།གོ་སྐབས་འདི་དང་བསྟུན་ནས་གངས་ལྗོངས་ནོར་འཛིན་ཕྱུག་མོའི་ལྟེ་བ་ནས་གསར་དུ་འཚར་ལོངས་འབྱུང་བཞིན་པའི་ལྷ་རིས་པ་མརྒོ་ལོག་ཤེས་རབ་རྒྱ་མཚོ་ལྟ་བུའི་མི་འཇོན་ཐང་བ་མང་བོས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་ཞིང༌།སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་བ་འཛུགས་སྐྲུན་བྱེད་པའི་ཕྱོགས་ལ་རང་གི་རིག་པའི་མཐུ་སྟོབས་གང་ཡོད་བཏོན་ཏེ།སྤྱི་ཚོགས་འཆམ་མཐུན་མཉམ་གནས་དང་གཏན་འཇགས་སྲུང་སྐྱོབ།མི་རིགས་བདེ་སྡོད་ལས་བརྩོན་དང་འཕེལ་རྒྱས་ཡར་སྐུལ་བཅས་ཀྱི་རྣམ་དཀར་ལས་དོན་ལ་བྱས་རྗེསེ་སྤམ་མཐོ་བ་བཞག་པར་ང་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བ་ནི་འོས་སོ།།