ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

ལོ་ཙཱ་བ་ཕུན་ནོར་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2012-04-26 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།

  

        ༡༩༦༧ལོར་བོད་གཙང་རྒྱལ་རྩེའི་མཁར་ཁ་སྟོད་དུ་སྐྱེས།  ༡༩༧༧ལོ་ནས༡༩༨༢ལོ་བར་མཁར་སྟོད་སློབ་ཆུང་འགྲིམས།  ༡༩༨༢ལོ་ནས༡༩༨༧ལོ་བར་རྒྱལ་རྩེ་སློབ་འབྲིང་ལ་ཞུགས། ༡༩༨༧ལོ་ནས༡༩༩༡ལོ་བར་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་གཉེར་བྱས། ༡༩༩༡ལོ་ནས༡༩༩༢ལོ་བར་པེ་ཅིང་རྒྱང་བསྒྲགས་སློབ་གླིང་དུ་བསྐྱོད།  ༡༩༩༢ལོ་ནས་ད་བར་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་གསར་འགྱུར་བསྒྱུར་ཞུས་དང་ རིག་རྩལ་གསར་རྩོམ།  འཁྲབ་འཁྲིད།  ལེ་ཚན་གཙོ་སྐྱོང་།  ཡིག་བསྒྱུར་སོགས་ཀྱི་ལས་ལ་གཞོལ།  ༢༠༠༥ལོ་ནས་སྐབས་བཞི་པའི་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་མཐུན་ཚོགས་ཀྱི་ལས་འཛིན་དང་།  ༢༠༠༦ལོ་ནས་སྐབས་བཞི་པའི་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་འཛིན་ལ་བདམས།  ༢༠༡༠ལོར་ཞུས་ཆེན་ལོ་ཙཱ་བའི་མཚན་གནས་འཐོབ།  ༢༠༠༤ལོ་ནས་ད་ལྟའི་བར་རྒྱལ་ཁབ་རླུང་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་གཉེར་བའི་ཞིང་ལྗོངས་ལྔའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་བསྒྱུར་བཟོ་སྦྱོང་བརྡར་འཛིན་གྲྭའི་གཙོ་ཁྲིད་དགེ་རྒན་གྱི་འགན་འཁུར། ལོ་མང་རིང་ལས་ཞོར་ལ་སྙན་རྩོམ་དང་བརྩམས་སྒྲུང་།  དཔྱད་རྩོམ།  རླུང་འཕྲིན་བརྙན་འཕྲིན་ཟློས་གར་གྱི་འཁྲབ་གཞུང་སོགས་རྩོམ་སྣ་མི་གཅིག་པ་ལྔ་བརྒྱ་ལྷག་ཙམ་གསར་རྩོམ་དང་འགྲེམས་སྤེལ་བྱས།  ཐེ་ཀོར་གྱིགྷི་ཐན་ཀ་ལིདང་ཀེ་ཐེའིགཞོན་ནུ་འོད་ཐར་གྱི་སེམས་གཅོང༽༼གྷྭ་རིམ་གྱི་བྱིས་སྒྲུངལ་སོགས་པའི་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་གསུང་རྩོམ་ཁག་ཅིག་བོད་ཡིག་ཏུ་བསྒྱུར་བ་མ་ཟད།  དེབ་དགུ་ཙམ་པར་བསྐྲུན་བྱས།  དེ་མིན་ནམ་ཞག་རྒྱུན་དུ་ཚད་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོར་ཡིག་བསྒྱུར་དང་།  དེང་རབས་སྐད་བརྡ་རིག་པ།  རྩོམ་རིག  གོ་འབྱེད་བསམ་བློ་ལ་སོགས་པའི་རིག་ལམ་སྣ་ཚོགས་འཆད་འཁྲིད་བྱེད་མུས་ལགས།