ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

ལྷག་པ་ཕུན་ཚོགས།

སྤེལ་དུས 2012-05-25 ཡོང་ཁུངས། ཀྲུང་གོའི་བོད་རིག་པའི་དྲ་བ། རྩོམ་པ་པོ། ངག་དབང་།

ལྷག་པ་ཕུན་ཚོགས། སྐྱེས་པ། བོད་རིགས། སྤྱི་ལོ་༡༩༤༢ལོའི་ཟླ་༡༡ཚེས་༡༡ ཉིན་བོད་རང་སྐྱོང་ལྗོངས་རྒྱལ་རྩེ་རྫོང་དུ་འཁྲུངས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད། ད་ཆ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དང་། རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མ་གླིང་གི་འབུམ་རམས་པའི་ཁྲིད་སྟོན་སློབ་དཔོན་བཅས་ཀྱི་ལས་འགན་བཞེས་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན།

སློབ་གཉེར་དང་ལས་ཀ་གནང་ཚུལ།

༡༩༦༡ལོ་ནས་༡༩༦༣ལོའི་བར་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་ཡིག་ཞིབ་འཇུག་འཛིན་གྲྭའི་ནང་སློབ་གཉེར་གནང་།
༡༩༦༤ལོ་ནས་༡༩༧༠ལོའི་བར་བོད་ལྗོངས་མི་རིགས་སློབ་གླིང་དུ་དགེ་རྒན་རམ་འདེགས་པ་གནང་།
༡༩༧༡ལོ་ནས་༡༩༨༠ལོའི་བར་བོད་ལྗོངས་དགེ་འོས་སློབ་གླིང་གི་དགེ་རྒན་གྱི་ཕྱག་ལས་གནང་།
༡༩༨༠ལོ་ནས་༡༩༨༣ལོའི་བར་བོད་རང་སྐྱོང་ལྗོངས་རྩོམ་རིག་རྩལ་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སུ་ཕྱག་ལས་གནང་།
༡༩༨༣ལོ་ནས་༡༩༩༡ལོའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་གནང་།
༡༩༩༡ལོ་ནས་༢༠༠༠ལོའི་བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་ཐུགས་འགན་བཞེས།
༢༠༠༠ལོའི་ཟླ་༥པ་ནས་ད་ལྟའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་ཐུགས་འགན་བཞེས།

ཞིབ་འཇུག་ཁ་ཕྱོགས། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། རིག་གནས། བོད་རིག་པའི་གཞུང་ལུགས་བཅས་ཡིན།

དཔྱད་རྩོམ་ཁག་ཅིག་གི་དཀར་ཆག

"བོད་མི་རིགས་ཀྱི་ངག་རྒྱུན་ཁྲོད་ཀྱི་མིའི་རིགས་ཀྱི་འབྱུང་ཁུངས་སྐོར་གྱི་གནད་དོན།" ༡༩༨༡ལོའི་ཟླ་༦ཚེས་༣༡ཉིན་གྱི་བོད་ལྗོངས་མི་དམངས་ཉིན་རེའི་ཚགས་པར་དུ་འཁོད།
"རྒྱལ་རྩེ་རྫོང་གི་འཆམ་གྱི་མཛད་སྒོ་ཆེ་མོའི་དབྱེ་ཞིབ།" ༡༩༨༡ལོའི་ཟླ་༧ཚེས་༣༡ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་དུ་འཁོད།
"ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ཤུལ་དངོས་རྒྱུན་འཛིན་བྱ་རྒྱུ།" བོད་ཀྱི་རྩོམ་རིག་སྒྱུ་རྩལ་༡༩༨༥ལོའི་དུས་དེབ་གསུམ་པར་དུ་འཁོད།
"རང་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་རབས་རང་བཞིན་གྱི་ཁྱད་ཆོས་སྐོར་གྱི་མནོ་བསམ།" བོད་ལྗོངས་ཞིབ་འཇུག་༡༩༨༦ལོའི་དུས་དེབ་བཞི་པར་འཁོད།
བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་རགས་བསྡུསདང་། བོད་ཀྱི་ལོ་རྒྱུས་རགས་རམ་གཡུ་ཡི་ཕྲེང་བ།བོད་ཡིག་པར་མ། དེང་རབས་ཀྲུང་གོ བོད་ལྗོངས་དེབ་མ།དེང་རབས་བོད་ལྗོངས་ཀྱི་ལོ་རྒྱུས་བསྡུས་པ།དེང་རབས་ཀྲུང་གོའི་བོད་ལྗོངས་སོགས་ཀྱི་གཙོ་སྒྲིག་པ་དང་སྒྲིག་རྩོམ་བྱེད་པར་རྩ་འཛུགས་གནང་།

འབྲེལ་གཏུག་བྱ་ཡུལ།པེ་ཅིང་གྲོང་ཁྱེར་བསྐོར་ལམ་བཞི་པའི་བྱང་ཕྱོགས་ཀྱི་ཤར་ལམ་ཨང་གྲངས་༡༣༡པ། སྦྲག་ཨང་། ༡༠༠༡༠༡