ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

རྒྱལ་དབང་ཐུབ་བསྟན་རྒྱ་མཚོ།

སྤེལ་དུས 2010-11-02 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། པ་སངས་ཀྱིས་བསྒྲིགས།

  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་རིག་གནས་གང་ཅིའི་ཐད་ལ་གཞན་འགྲན་མ་མཆིས་པའི་མཁས་པ་ཞིག་ཡིན། ཁོང་རབ་བྱུང་བཅོ་ལྔ་པའི་མེ་བྱི་༡༨༧༦ལོར་དྭགས་པོ་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ༡༩༣༣ལོར་སྐུ་གཤེགས། དགུང་ལོ་ང་བརྒྱད་བཞུགས། སྐུ་འཁྲུངས་པའི་ལོ་དེར་ཏཱ་ལའི་བླ་མའི་ཡང་སྲིད་འཁྲུལ་མེད་ཡིན་པར་ངོས་འཛིན། དགུང་ལོ་བཞི་ཕེབས་པ་ས་ཡོས་ལོར་དྭགས་པོ་ནས་ལྷ་སར་གདན་དྲངས། གུང་ཐང་གཙུག་ལག་ཁང་དུ་པཎ་ཆེན་རིན་པོ་ཆེ་དང་མཇལ་ཕྲད་གནང་ཐོག་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། དགུང་ལོ་ཉི་ཤུར་ཕེབས་པ་ཤིང་ལུག༡༨༩༥ལོར་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་བྱམས་པ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་བཞིར་ཕེབས་པ་ས་ཕག་༡༨༩༩ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཚན་བཞེས་གནང་ཞིང་། དགེ་ལུགས། རྙིང་མ་བཅས་ཀྱི་ཆོས་སྐོར་རྒྱ་ཆེར་གསན། སྐུ་ཚེ་གང་བོའི་མཛད་པ་གཙོ་གྲས་རྣམས་ཕྱོགས་བསྡུས་བྱས་ན་གཉིས་ཏེ། གཅིག སྲིད་དབང་བཞེས་པའི་རྗེས་ནས་དབྱིན་འགོག་དམག་འཁྲུག་གི་བར། རབ་བྱུང་བཅོ་ལྔ་བའི་ཤིང་ལུག་༡༨༩༥ལོར་སྲིད་དབང་ཕྱག་ཏུ་བཞེས། ཁོང་གིས་སྲིད་དབང་སྐྱོང་བའི་དུས་སྐབས་དེ་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ས་གནས་དུ་བཙན་འཛུལ་བྱས་ཏེ་དམག་དོན་གྱི་འཇིགས་སྐུལ་འོག་དྲང་བདེན་མིན་པའི་ཆིངས་ཡིག་སྔ་རྗེས་སུ་འཇོག་དགོས་པ་སོགས་མེས་རྒྱལ་ནང་ཁུལ་དང་འཛམ་གླིང་ཐོག་གནས་ཚུལ་རྙོག་འཛིང་དང་དཀའ་ངལ་ཧ་ཅང་ཆེ་བའི་དུས་ཤིག་ཡིན།