ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

གངས་ལྗོངས་བཙུན་པའི་གཟི་དཔལ།

སྤེལ་དུས 2010-11-03 ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། ལྷག་ཚེས་ཞུས།

    ང་ཚོས་སྐབས་འདིར་གླེང་བར་བྱ་བའི་མི་སྣ་དེ་ནི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གཉོམ་ལག་རྒྱས་བཞིན་པའི་སྨན་པ་འཇིགས་མེད་ཕུན་ཚོགས་ཡིན། ཁོང་ནི་དགུ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་རོང་བོ་དགོན་ཆེན་ནས་བོད་ལུགས་གསོ་རིག་ལ་བརྩོན་པ་ལྷོད་མེད་བྱས་ཏེ་གྲུབ་འབྲས་མཆོག་གྱུར་གྱི་སྙན་གྲགས་རྒྱས་པའི་གྲྭ་བཙུན་སྨན་པ་ཞིག་ཡིན་ལ། དགོན་སྡེའི་ལྷིང་འཇགས་ཀྱི་འཚོ་བ་བློས་བཏང་ནས་འདུ་འཛིས་ཁེངས་པའི་གྲོང་ཁྱེར་ཆེན་པོ་ཞིག་ནས་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་ཐོག་དང་པོ་འཛུགས་ཕོད་པའི་གྲྭ་བཙུན་གདོང་མཆོངས་མཁན་ཞིག་ཀྱང་ཡིན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན།  འཛམ་གླིང་ཡོངས་ཀྱི་མི་ལྔའི་ནང་གི་མི་གཉིས་ལ་མཆིན་ནད་ཕོག་ཡོད་པ་དང་། འཛམ་གླིང་ཡོངས་ནས་ལོ་རེར་མི་ས་ཡ་གཅིག་ལྷག་མཆིན་ནད་ཀྱིས་འཆི་བཞིན་ཡོད་པས། གསོ་རིག་ཆེད་མཁས་ཚོས་མཆིན་ནད་ལ་སྐྲན་ནད་གཉིས་པ་ཞེས་བརྗོད།ལོ་དུ་མའི་རིང་ལ། རྒྱལ་ཁབ་མང་པོ་ཞིག་གིས་མ་དངུལ་འབོར་ཆེན་བཏང་ནས་མཆིན་ནད་ལ་ཞིབ་འཇུག་དང་མཆིན་ནད་ལ་ཕན་པའི་སྨན་སྣ་གསར་གཏོད་བྱས་ཏེ་མི་འདོད་ནད་ཀྱིས་གཟིར་བའི་ནད་པ་རྣམས་བདེ་ཐང་ཅན་དུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད་ལ་མདོ་དབུས་མཐོ་སྒང་སྟེང་འཚོ་བཞིན་པའི་བོད་རིགས་ཚོས་ཀྱང་སྔོན་གྱི་སྨན་གཞུང་གི་རྨང་གཞིའི་སྟེང་རང་གི་ཉམས་མྱོང་དང་ཚན་རིག་གི་ལག་ཆ་སྤྱད་དེ་རིན་ཐང་བྲལ་བའི་སྨན་མང་པོ་ཞིག་གསར་བཏོད་བྱེད་བཞིན་མཆིས།ད་ལོ་དགུང་ལོ་སོ་དགུ་ལ་སོན་པའི་འཇིགས་མེད་ཕུན་ཚོགས་ཀྱིས་ལོ་དུ་མའི་ལག་ལེན་དངོས་ཀྱི་སྨན་བཅོས་ཉམས་མྱོང་བརྒྱུད་ནས་མཆིན་ནད་སྣ་ཚོགས་ལ་གསོ་བཅོས་བྱེད་སྟངས་ཀྱི་ལྟ་བ་སྒེར་ཚུགས་ཤིག་གསར་སྤེལ་བྱས་ཏེ། ནད་པ་བརྒྱ་ཕྲག་མང་པོར་ལྷག་བསམ་དཀར་པོས་སྨན་གསོ་གང་ལེགས་བྱས་མཐར་ཁོའི་གསར་སྤེལ་གྱི་གསོ་བཅོས་བྱེད་སྟངས་དེར་ཕན་འབྲས་མངོན་གསལ་ཐོབ་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རེབ་གོང་ཨ་ཁུ་སྨན་པ་ཞེས་དགའ་བསུའི་བསྔགས་བརྗོད་བྱེད་སའི་ཡུལ་དུ་གྱུར། འཇིགས་མེད་ཕུན་ཚོགས་ཀྱིས་ལོ་འགའི་སློབ་ཆུང་སྐབས་ཀྱི་ཤེས་བྱ་ཕྲན་ཙམ་སྦྱངས་རྗེས་རྒྱུ་རྐྱེན་མི་ཉུང་བ་ཞིག་གི་དབང་གིས་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན་པར་ཕྱིར་རང་ཡུལ་དུ་ལོག་སྟེ་རྨོ་འདེབས་ཀྱི་ལས་ལ་གཉེར་བཞིན་བོད་ཡིག་ཀ་མད་སུམ་ཅུ་ལ་སྨོན་སེམས་ཀྱི་འགྲམ་ཆུ་ཤོར་ཏེ་རང་སྦྱོང་བྱེད་འདོད་ཀྱི་འདུན་པ་འགོག་ཐབས་བྲལ།  སྤྱི་ལོ་༡༩༧༤ལོར་སྟེས་དབང་གིས་གོ་སྐབས་བཟང་པོ་ཞིག་དང་འཕྲད་དེ་ཐུན་རིན་རྫོང་གཉན་ཐོག་ཞང་གླུ་གཤོང་ཆེན་གྱི་རྐང་རྗེན་སྨན་པར་གྱུར་ཏེ་རྒྱ་གྲམ་དམར་པོ་རྟགས་ཅན་གྱི་སྨན་སྒམ་ཆུང་ཆུང་ཞིག་ལ་འབྲེལ་འདྲིས་ཀྱི་རྨུ་ཐག་དམ་པོར་སྦྲེལ་ཏེ་རང་ཉིད་འགྲོ་འདུག་ཆགས་གསུམ་གྱི་གྲོགས་མཆོག་ཏུ་གྱུར།  ༡༩༧༨ལོར་ཁོ་རང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཁང་གིས་བསྡུ་ལེན་བྱས་ཏེ་ཐམ་ཀ་དམར་པོས་བདེན་དཔང་བྱས་པའི་སྨན་པའི་གོ་མིང་དངོས་སུ་བྱིན་ཏེ་རང་ལ་དབང་བའི་ཡུལ་གྲུ་ཆུང་ཆུང་ཞིག་ནས་རང་ཉིད་ཀྱི་བློ་གྲོས་ནུས་པ་འདོན་སྤེལ་བྱེད་འགོ་ཚུགས། ༡༩༨༡ལོར་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་བཀོད་སྒྲིག་ལྟར་ཁོ་རང་རྫོང་བོད་སྨན་ཁང་དུ་ལས་གནས་སྤར་ཏེ་རང་ཞིང་དུ་སྙན་གྲགས་ཆེ་བའི་སྨན་པ་གྲགས་ཅན་དབྱིག་གཉེན་མཆོག་སློབ་དཔོན་དུ་བསྟེན་ནས་བོད་ལུགས་གསོ་རིག་གི་སྨན་སྦྱོར་ལག་ལེན་དང་རིགས་པའི་གཞུང་ལུགས་ལ་ཟས་བརྗེད་གཉིད་བཅགས་ཀྱིས་སྦྱང་གཉེར་བྱེད་འགོ་ཚུགས། དེ་ནས་བཟུང་འཇིགས་མེད་ཕུན་ཚོགས་ཀྱིས་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་ལྐོག་གྱུར་རང་བཞིན་གྱི་གསང་བ་རྟོགས་འདོད་ཀྱི་སྔོན་འགྲོའི་ཀུན་སློང་སྐྱེས་ཏེ་མི་ཚེ་གཅིག་གི་དལ་འབྱོར་ལུས་རྟེན་བོད་ལུགས་གསོ་རིག་སྟེང་སྦྱིན་ཕོད་པའི་སྙིང་སྟོབས་ཤིག་གི་ལམ་ཕྲན་བསྙེགས།  འཛམ་གླིང་ཡང་རྩེར་གནས་པའི་བསིལ་ལྡན་ཁ་བའི་ལྗོངས་འདིར་སྤྱི་ལོའི་སྔོན་དུས་ནས་བཟུང་སྨན་ཞེས་པའི་ཐ་སྙད་འདི་བྱུང་བ་མ་ཟད། དོན་དངོས་སུ་འགྲོ་བ་མིའི་རིགས་ཀྱི་ལུས་ལ་ཐོག་མ་ཉིད་ནས་ལྷན་སྐྱེས་སུ་གྲུབ་པའི་རྒྱུ་དུག་ལས་སྐྱེས་པའི་རླུང་མཁྲིས་བད་ཀན་གསུམ་གྱི་ནད་དང་ཕྱི་རྐྱེན་སྣ་ཚོགས་ཀྱིས་གཙེས་པའི་ཟུག་རྔུ་དང་དུས་ཡུན་རིང་བོར་འཐབ་རྩོད་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་རྣམས་ཕྱོགས་སྡོམ་བྱས་ཏེ་ནད་རིགས་འཇོམས་པའི་སྨན་སྦྱོར་ལག་ལེན་གྱི་རིག་པ་ཞིག་ཆགས་པ་དང་ལྷག་པར་དུ་གངས་ཅན་ཡུལ་འདིར་འཁྲུངས་པའི་བྷོཊའི་སྐུ་རྒྱལ་བླ་སྨན་དུང་གི་ཐོར་ཅོག་ནས་བཟུང་སྟེ་རྗེས་འཛིན་གསོ་བ་རིག་པའི་འཆད་ཉན་དལ་འགྲོའི་རྒྱུན་བཞིན་བརྩོན་པ་བྱས་ཏེ་བོད་ལུགས་གསོ་རིག་འདི་ཉིད་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་འགྲོ་བའི་སྐབས་དེར།  འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང་བོད་ལུགས་གསོ་རིག་ལ་བཅོལ་བའི་དད་འདུན་དགོས་མཁོ་ཞིག་གམ་རང་ཉིད་ཀྱི་རྒྱང་རིང་བོའི་དམིགས་ཡུལ་དེ་མངོན་འགྱུར་བྱེད་ཆེད་འཇིག་རྟེན་གྱི་ཟིང་ཟིང་གི་འཚོ་བ་རྒྱབ་ཏུ་བསྐྱུར་ནས་རོང་བོ་དགོན་པར་རབ་ཏུ་བྱུང་སྟེ་ངུར་སྨྲིག་ཆོས་གོས་མནབས་པའི་གྲྭ་བཙུན་ཕལ་བ་ཞིག་གི་འཚོ་བ་རོལ།