དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

གཞས་པ་གྲགས་ཅན་རྡོ་རྗེ་ཚེ་རིང་ལགས་ཀྱི་སྒྱུ་རྩལ་ལམ་བུ།

སྤེལ་དུས 2020-04-26 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། སྣང་རྡོས་བསྒྲིགས།
        ཕ་ཡུལ་ཀན་ལྷོ་ནས་ཡིན་པའི་རྡོ་རྗེ་ཚེ་རིང་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། སྐྱེས་པའི་སྒྲ་གདངས་མཐོ་བའི་བོད་ཀྱི་གཞས་པ་གྲགས་ཅན་ཞིག་རེད། 
        རོལ་དབྱངས་ཀྱི་ལམ་བུར་ཇི་ལྟར་ཞུགས་པའི་སྐོར་གླེང་སྐབས་རྡོ་རྗེ་ཚེ་རིང་གིས“འདི་ནི་སྟེས་དབང་རང་རེད”ཅེས་བརྗོད།

        འཁྲབ་ཆས་གྱོན་པའི་རྡོ་རྗེ་ཚེ་རིང་།
        ཁྱིམ་ཚང་གི་གནས་ཚུལ་དམིགས་བསལ་ཆེ་བས་རྡོ་རྗེ་ཚེ་རིང་སྐབས་དེ་དུས་སློབ་གྲྭ་ཆེ་མོ་མང་ཆེ་བར་འགྲོ་བའི་བསྐལ་བ་བྱུང་མེད། འོན་ཀྱང་ཁོང་གི་འབད་བརྩོན་འོག་ནུབ་བྱང་མི་རིགས་སློབ་གླིང་སྒྱུ་རྩལ་ཚན་ཁག་ཏུ་རྒྱུགས་འཕྲོད། སྐབས་དེ་དུས་ཁོང་གིས་ནམ་ཞིག་རང་ཉིད་གཞས་པ་ཞིག་ལ་འགྱུར་ཡོང་བསམ་མྱོང་མེད།
        དངོས་གཞིའི་ཚན་ཁག་ནས་ཐོན་རྗེས་རྡོ་རྗེ་ཚེ་རིང་ལྷ་སར་ཡོང་ནས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ལོ་8བྱས་ཤིང་། 1991ལོར་རྡོ་རྗེ་ཚེ་རིང་ལ་ཀྲུང་གོ་རོལ་དབྱངས་སློབ་གླིང་དུ་ཟབ་སྦྱོང་ལ་སྐྱོད་པའི་གོ་སྐབས་བཟང་པོ་ཐོབ་པ་དང་ལོ་དེར་སྐྱེས་པའི་སྒྲ་གདངས་མཐོ་བའི་གཞས་པ་དང་རོལ་དབྱངས་སློབ་གསོ་མཁས་ཅན་ཝང་པིང་རུའེ་ཡི་མཛུབ་ཁྲིད་འོག ཚད་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་རོལ་དབྱངས་འཁྲབ་སྟོན་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་འགོ་ཚུགས། དེ་རྗེས་ལོ་ཕྱེད་རིང་སློབ་སྦྱོང་བྱས་པ་བརྒྱུད་ཁོང་ལ་ཡར་རྒྱས་ཆེན་པོ་བྱུང་ནས་བག་ལ་ཞ་བའི་སྟོབས་ཤུགས་རིམ་བཞིན་ཕྱིར་མངོན་ཡོད།

        1992ལོར་རྡོ་རྗེ་ཚེ་རིང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“གླིང་ཆེན་ལྔའི་བུམ་པའི་ན་གཞོན་གཞས་པའི་འགྲན་བསྡུར་ཆེན་པོ་སྐབས་ལྔ་པར”ཞུགས་སྐབས་ཆེད་ལས་ཚོགས་ཆུང་གི་རོལ་གདངས་སྙན་པོའི་གཏོང་རྩལ་གྱི་བྱ་དགའ་ཨང་གསུམ་པ་ཐོབ། 
        བྱ་དགའ་ཐོབ་རྗེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་ཆབ་སྲིད་པུའུ་གླུ་གར་ཚོགས་པས་ཁོང་ལ་ངོ་རྒྱུགས་བཏང་རྗེས་ཆུ་ཚོད་ཁ་ཤས་རིང་ཁོང་བསྡུ་བའི་འགྲོ་ལུགས་ཆ་ཚང་གཉེར་བ་རེད། དུས་དེ་ནས་བཟུང་ཁོང་སློབ་ཆེན་གྱི་དགེ་རྒན་ཞིག་ནས་ཆེད་ལས་གཞས་པ་ཞིག་ཏུ་གྱུར་པ་མ་ཟད། མི་ཚེའི་ལམ་བུ་གསར་པ་ཞིག་ཀྱང་རྩོམ་འགོ་ཚུགས།
        མཁའ་དམག་ཆབ་སྲིད་པུའུ་གླུ་གར་ཚོགས་པར་མ་གཞི་ནས་སྤྱན་སྦིར་བ་མང་པོ་ཡོད་པས། སྐབས་དེར་ཁོང་ལ་གནོན་ཤུགས་ཆེན་པོ་ཡོད་ཀྱང་དེ་ཚོ་རང་ཉིད་ཀྱི་སྒུལ་ཤུགས་སུ་བརྩིས་ཡོད།
        1992ལོ་ནས་1993ལོ་བར་རྡོ་རྗེ་ཚེ་རིང་གིས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་འགྲན་བསྡུར་ཁག་གཅིག་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། 

        རྡོ་རྗེ་ཚེ་རིང(གཡོན)དང་། དགེ་རྒན་དྲིན་ཅན་ཅང་དབྱིན(གཡོན་གྱི་གཉིས་པ) ཨ་རིའི་འབུམ་རམས་པ་ལང་ཞུའེ་ལན(གཡས་ཀྱི་གཉིས་པ) གཞས་པ་མཁས་ཅན་ཀྲང་ཡ་ལུན(གཡས་ཀྱི་དང་པོ)བཅས་ཀྱི་དྲན་རྟེན་པར་ཡིན་པ།
        1994ལོར་ངོ་སྤྲོད་བྱས་པ་བརྒྱུད་རྡོ་རྗེ་ཚེ་རིང་ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་གྲགས་ཅན་རོལ་དབྱངས་སློབ་གསོ་མཁས་ཅན་ཅང་དབྱིན་གྱི་སློབ་མ་བྱས། ཅང་དབྱིན་ནི་ཆན་ཞུའེ་སེན་གྱི་སྐུ་ཟླ་ཡིན་ཞིང་། ཁོང་གི་སྐུ་ཚེ་ཧྲིལ་པོར་ནུབ་ཕྱོགས་ཀྱི་གླུ་གར་དང་གླུ་གཞས་གཏོང་རྩལ་ལ་སྦྱངས་པ་མཐར་ཕྱིན་པ་བྱས་ཡོད། རྡོ་རྗེ་ཚེ་རིང་གི་གཞུང་དྲང་བབ་ཆགས་དང་རོལ་དབྱངས་ལ་བཅངས་པའི་འགྱུར་མེད་ཀྱི་བརྩེ་སེམས་ལས་དགེ་རྒན་ཆེ་མོ་ཅང་དབྱིན་ལ་སེམས་འགུལ་ཆེན་པོ་ཐེབས་ནས་སེམས་ནུས་ཡོད་རྒུས་རྡོ་རྗེ་ཚེ་རིང་གསོ་སྐྱོང་བྱས། “སྐབས་དེ་དུས་སློབ་ཡོན་ཧ་ཅང་མཐོ་པོ་ཡོད། ངས་རྒན་ཅང་དབྱིན་ལ་སློབ་ཡོན་ཇི་ལྟར་འཇལ་དགོས་སམ་ཞེས་འདྲི་སྐབས་ཁོང་གིས་སྡེབ་རྩིས་རྒྱག་ཆོག་ཅེས་གསུངས་བྱུང”ཞེས་དགའ་ཚོར་ཆེན་པོས་བརྗོད།
        1994ལོ་ནས་1997ལོའི་བར་གཟའ་འཁོར་རེར་སློབ་ཚན་གཉིས་ཡོད་ཅིང་། རྡོ་རྗེ་ཚེ་རིང་གིས་སློབ་ཚན་གཅིག་ཀྱང་ཆད་མྱོང་མེད། ལོ་3རིང་རྡོ་རྗེ་ཚེ་རིང་གིས་ནུབ་ཕྱོགས་ཀྱི་རོལ་དབྱངས་དང་སྒྱུ་རྩལ་སོགས་ལེགས་པར་སྦྱངས། 1997ལོར་དགེ་རྒན་ཆེ་མོ་བ་ཅང་དབྱིན་གྱིས་རྡོ་རྗེ་ཚེ་རིང་ཧྥ་རན་སེ་རིག་གནས་པུའུ་ཡིས་སྒྲིག་འཛུགས་བྱས་པའི་ཧྥ་རན་སེའི་མཱ་སའེ་རོལ་དབྱངས་འགྲན་བསྡུར་སྐབས་དྲུག་པར་ཞུགས་སུ་བཅུག་ཅིང་། རྡོ་རྗེ་ཚེ་རིང་གིས་ཀྱང་དགེ་རྒན་གྱི་ཐུགས་རེ་ཆུད་ཟོས་སུ་མ་བཏང་བར་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་ཡོད།

        རྡོ་རྗེ་ཚེ་རིང(གཡས་ཀྱི་གཉིས་པ)དང་ཨ་རིར་སྡོད་མཁན་གྲགས་ཅན་གཞས་མ་ཧྥུའུ་ཧའེ་ཅིང(གཡོན་གྱི་དང་པོ)དང་། ཀྲུའུ་ཨའེ་ལན(གཡོན་གྱི་གཉིས་པ) དབྱང་ཀོང(གཡས་ཀྱི་དང་པོ)བཅས་གར་སྟེགས་སུ་འཁྲབ་སྟོན་བྱེད་བཞིན་པ།
        1998ལོར་ཨ་རིའི་ཁོ་ལོ་ལ་ལོ་གླུ་གར་ཁང་གི་གདན་ཞུས་ལྟར། རྡོ་རྗེ་ཚེ་རིང་གིས་ཨ་རིར་བསྐྱོད་དེ་སློབ་སྦྱོང་དང་འཁྲབ་སྟོན་བྱས་ཤིང་།  སྐབས་དེར་ཁོང་རོལ་དབྱངས་འགྲན་བསྡུར་མང་པོར་ཞུགས་པ་མ་ཟད། རོལ་མོའི་འདུ་ཚོགས་དང་གླུ་གར་གྱི་འཁྲབ་སྟོན་མང་པོར་གདན་འདྲེན་ཞུས་ཡོད།

        ཧྥ་རན་སེའི་མཱ་སའེ་རུ《ཇ་ཤིང་མེ་ཏོག་མ》ཡི་སྐྱེས་པ་གཙོ་བོ་འཁྲབ་པས་བྱ་དགའ་ཐོབ་པ།
        2009ལོར་རྡོ་རྗེ་ཚེ་རིང་སླར་ཡང་བོད་ལྗོངས་སློབ་ཆེན་དུ་ལོག་ནས་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བར་གྱུར། “ངའི་ནང་མི་ཚང་མ་འདི་གར་ཡོད་པས་རང་ཉིད་ཀྱི་ལས་ཀའི་གནས་བབ་ལེགས་ཤོས་ཀྱི་དུས་སུ་ལོག་མ་ཡོང་ན་སྙིང་པོ་གང་ཡང་མེད། ད་ཆའི་དུས་སུ་ལོག་ན་བོད་ལ་རང་གི་ནུས་པས་ལྕོགས་ཚོད་ཀྱིས་ཞབས་འདེགས་ཞུ་བའི་ནུས་ཤུགས་ཡོད་ལ། ནང་མི་མཉམ་འཛོམས་ཀྱི་དུས་ཚོད་ཀྱང་ཡོད”ཅེས་རྡོ་རྗེ་ཚེ་རིང་གིས་བརྗོད།
        རྡོ་རྗེ་ཚེ་རིང་གིས་བོད་ལྗོངས་སློབ་ཆེན་གྱི་དེ་སྔའི་རོལ་དབྱངས་རིག་པར་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག རོལ་དབྱངས་འཁྲབ་སྟོན་རིགས་པའི་གཞུང་ལུགས་ཞིབ་འཇུག་ཐད་ཀྱི་ཞིབ་འཇུག་སློབ་མའི་ཚན་ཁག་བཙུགས། 

        རྡོ་རྗེ་ཚེ་རིང་གིས་འདྲ་པར་རྙིང་པར་ལེགས་སྒྲིག་བྱེད་བཞིན་པ།
        རོལ་དབྱངས་སྦྱོང་བའི་ལམ་དུ་འཕྲད་པའི་དཀའ་སྡུག་སྐོར་གླེང་སྐབས། རྡོ་རྗེ་ཚེ་རིང་གིས་གད་མོ་དགོད་བཞིན་དུ“ངར་དཀའ་སྡུག་མང་པོ་ཕྲད་བྱུང”ཞེས་བཤད། ཁོང་ཐོག་མར་ལས་རིགས་འདིར་ཞུགས་སྐབས་རྒྱ་སྐད་ཡག་པོ་མ་ཤེས་པའི་ཁར། རྒྱུན་དུ་སྦྱོང་དགོས་པ་ནི་མི་རིགས་ཀྱི་གླུ་གར་དང་རོལ་དབྱངས་རེད། རོལ་དབྱངས་ཡག་པོ་སྦྱོང་བར་སྐད་ཡིག་ངེས་པར་དུ་སྦྱོང་དགོས་སྟབས། ཧྥ་རན་སེའི་སྐད་དང་དབྱི་ཐ་ལིའི་སྐད་སོགས་རང་སྦྱོང་བྱས་པ་རེད། ཟློས་གར་གླུ་གཞས་ཡག་པོ་ལེན་ཆེད། རང་ཉིད་ཀྱིས་ལེན་པའི་ཆ་ཤས་ལ་རྒྱུས་མངའ་ཆེན་པོ་དགོས་པ་མ་ཟད། གླུ་པ་གཞན་དག་གིས་ལེན་པའི་ཆ་ཤས་ལ་ཡང་རྒྱུས་མངའ་ཡོད་དགོས། དེ་ལྟར་མ་བྱུང་ན་རང་ཉིད་གླུ་གཞས་དེར་དབྱིངས་ཚུད་ཐབས་བྲལ། དེར་བརྟེན་རྡོ་རྗེ་ཚེ་རིང་གིས“ཐོག་མར་ཨ་རིར་འགྲོ་སྐབས་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད་པས། ངས་གཞན་ལས་ལྷག་པའི་འབད་བརྩོན་བྱས་པ་ཡིན། གཞས་ཚིག་སྒྱུར་སྐབས་རྟག་ཏུ་མཚན་འཁྱོངས་བྱེད་དགོས་པ་ནི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད”ཅེས་བརྗོད།