དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

རྒན་བསྟན་པ་རབ་བརྟན་ལགས་ཐང་གའི་སྒྱུ་རྩལ་གླིང་དེར་ཕེབས་ནས…

སྤེལ་དུས 2020-12-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཐང་ག་ནི་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཤེས་རིག་ལྡུམ་རའི་ནང་དུ་ཁྱད་ཆོས་འབུར་དུ་ཐོན་ཞིང་ཆེས་བཀྲག་མདངས་འཚེར་བའི་རི་མོའི་སྒྱུ་རྩལ་ཞིག་ཡིན་ཞིང་། དེར་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ནང་དོན་སྣ་མང་ཕུན་སུམ་ཚོགས་པོ་འདུས་ཡོད་པས། བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ལ་གྲགས་པ་དེའང་དོན་ལ་གནས་པར་སེམས། དེང་གི་ཆར་ཐང་གར་སྨན་ཐང་ལུགས་དང་། མཁྱེན་རྩེ་ལུགས། སྒར་བྲིས་ལུགས་བཅས་ལུགས་ཆེ་བ་གསུམ་ལ་དབྱེ་སྲོལ་ཡོད་ནའང་། དེ་རིང་འདི་གར་བརྗོད་འདོད་པའི་ཐང་ག་ནི་གཏེར་རྡོ་དང་། གསེར་དངུལ། རྩི་ཤིང་གི་སྣུམ་རྒྱུ་བཅས་མ་རྒྱུ་མང་པོ་མཉམ་དུ་འདྲེས་སྦྱོར་བྱས་རྗེས་རི་མོ་བའི་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་བྲིས་པའི་ཐིག་རིས་འདྲོང་ལ་ཚོས་གཞི་ཧར་ཞིང་སྒྱུ་རྩལ་གྱི་རིན་ཐང་ཤིན་ཏུ་ཆེ་བའི་ཁམས་སྨན་གསར་ལུགས་ཀྱི་ཐང་ག་འདི་ཡིན། དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དགེ་རྒན་ཆེ་མོ་བ་འབྲུག་ཙེ་ཆོས་དབྱིངས་རྒྱ་མཚོས་སྨན་ཐང་ལུགས་ཀྱི་ཐང་ག་བཞེངས་རྩལ་རྒྱུན་འཛིན་གནང་བའི་རྨང་གཞིའི་ཐོག་མཁྱེན་རྩེ་ལུགས་དང་སྒར་བྲིས་ལུགས་ཀྱི་ཐང་ག་བཞེངས་རྩལ་གྱི་ཉིང་བཅུད་དང་དུ་བླངས་ནས་རང་སོ་སོའི་ཁྱད་ཆོས་ཟབ་མོ་ལྡན་པའི་སྨན་གསར་ལུགས་འདི་གསར་དུ་བཏོད་ཡོད།

          སྨན་གསར་ལུགས་ཀྱི་ཐང་ག་བཞེངས་དུས་རྙོག་འཛིང་ཆེ་ཞིང་རྡོ་ཚོན་སྤྱོད་ཤུགས་ཆེ་བས་ཚོན་མདངས་རྣམ་པར་བཀྲ་ལ། དུས་ཡུན་རིང་པོ་སྔར་མུས་ལྟར་གནས་ཐུབ་པའི་དགེ་མཚན་ལྡན་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། 

          སྨན་གསར་ལུགས་ཀྱི་ཐང་གའི་སྒྱུ་རྩལ་འདི་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱ་ཆེད། ཕ་ཡུལ་ཁམས་གོ་འཇོ་ནས་ཡིན་པའི་འཕྲིན་ལས་དཔལ་འབྱོར་གྱིས་2013ལོའི་ཟླ་12པར་ཐོ་འགོད་མ་དངུལ་སྒོར་ཁྲི་100ཟིན་པའི་བོད་ལྗོངས་གཡེར་མོ་ཐང་ཐང་གའི་སྒྱུ་རྩལ་ཚད་ཡོད་ཀུང་སི་གསར་དུ་བཙུགས་ཤིང་། སློབ་ཆུང་ལོ་རིམ་དྲུག་པ་བར་ལས་འགྲིམས་མྱོང་མེད་པའི་ཁོང་གིས་ཆུང་དུས་ནས་རི་མོའི་དགེ་རྒན་ཆེ་མོ་བ་བླ་མ་ཚེ་སྐྱབས་དང་ར་ཆུང་རྒྱལ་མཚན་དགེ་རྒན་ལ་བསྟེན་ནས་ལོ་20ལྷག་ཙམ་རིང་རི་མོ་འབྲི་རྩལ་དང་གོས་སྐུ་བཞེངས་སྟངས། དེ་བཞིན་ཐང་ག་བཞེངས་རྩལ་བྱང་ཆུབ་པར་སྦྱངས་ཡོད། 1993ལོར་ཁོང་གིས་བཞེངས་པའི་ཐང་ག་ཐོག་མ《རྡོ་རྗེ་ངང་དཀར》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པ་དང་། ཕྱིས་སུ་ཕ་ཡུལ་དུ་དགོན་སྡེའི་ལྡེབས་རིས་ཉམས་གསོ་བྱེད་ཞོར་དུ་དར་གོས་ཐང་ག་བཞེངས་འགོ་བརྩམས། ཁོང་གིས་སྔ་རྗེས་སུ་པེ་ཅིང་དང་། ཁྲེང་ཏུའུ། ཧྲི་ཅ་ཀྲོང་སོགས་སུ་ཐང་ག་དང་ལྡེབས་རིས་སོགས་བཞེངས་མྱོང་བ་དང་། 2005ལོ་ནས་2008ལོ་བར་ཁྲེང་ཏུའུ་རུ་གཡེར་མོ་ཐང་ཐང་གའི་སྒྱུ་རྩལ་བརྒྱུད་ཁྲིད་རྟེན་གཞི་བཙུགས་ནས་སྔ་རྗེས་སུ་དགེ་ཕྲུག་30ལྷག་ཙམ་གསོ་སྐྱོང་བྱས་ཡོད།
          གཡེར་མོ་ཐང་ཐང་གའི་སྒྱུ་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་དང་བོད་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཡིན་པའི་ཁོང་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་འདུན་ཞུ་བྱས་པའི་ཐང་ག་ཆེ་གྲས《རྗེ་ཙོང་ཁ་པའི་མཛད་རྣམ་ཕྱོགས་བསྒྲིགས》བཞེངས་པའི་ལས་ལ་ཞུགས་མྱོང་ཡོད། 
          དཀའ་བ་སྤྱད་ན་འབྲས་བུ་མ་ཐོབ་ཅི་ལ་སྲིད་ཅེས་པ་ལྟར། 2013ལོར་བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལ་ཞུགས་སྐབས་ཁོང་ལ་བོད་རང་སྐྱོང་ལྗོངས་ཀྱི“རིམ་པ་གསུམ་པའི་ཐང་གའི་དགེ་རྒན་ཆེ་མོ་བའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2015ལོར“སྐབས་བཅུ་དྲུག་པའི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་དགེ་རྒན་ཆེ་མོ་བའི་བརྩམས་ཆོས་དང་རྒྱལ་སྤྱིའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲའི་སྟོན་ཚོགས”ཐོག“2015ལོའི་མེ་ཏོག་སྣ་བརྒྱའི་བུམ་པའི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རྩེ་གྲའི་འགྲེམས་སྟོན”གྱི་གསེར་གྱི་བྱ་དགའ་ཐོབ་པ་མ་ཟད། ལོ་དེ་རང་ལ་ནང་སའི་ཝུའུ་ཤིས་རྟེན་རྫས་བཤམས་མཛོད་ཁང་དུ་ཁོང་སྒེར་གྱི་ཐང་གའི་འགྲེམས་སྟོན་གཉེར་སྐབས་ཁོང་གི་ཐང་ག“སྒྲོལ་ལྗང”ཝུའུ་ཤིས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། 2018ལོར་གཡེར་མོ་ཐང་ཐང་གའི་སྒྱུ་རྩལ་ཚད་ཡོད་ཀུང་སིའི་ཐང་ག་གཉིས《རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2018ལོའི“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་གསར་ལུགས་ཀྱི་དེང་རབས་མཚོན་བྱེད་རང་བཞིན་གྱི་ཐང་གའི་བརྩམས་ཆོས་བོད་ལྗོངས་འགྲེམས་ཁུལ”བྱེད་སྒོའི》སྤེལ་རེས་ཁྱབ་གདལ་གྱི་རྣམ་གྲངས་ནང་ཚུད་ཡོད།
          མ་འོངས་པའི་འཆར་གཞིའམ་ལས་ཀའི་སྐོར་འདྲི་སྐབས། འཕྲིན་ལས་དཔལ་འབྱོར་གྱིས་ཐང་ག་ནི་བོད་ཀྱི་ཁྱད་དུ་འཕགས་པའི་ཤུལ་ནོར་ཅིག་ཡིན་པས། ང་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ལྷོད་མེད་བྱེད་དགོས། ད་ཆ་ངའི་བུ་ཁྱི་ལོད་ཚེ་རིང་ཡང་བདག་དང་འདྲ་བར་ལྷ་འབྲི་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། 2019ལོའི་སྐབས་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཐོག་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་ལགས་ཀྱིས་ཁོང་ལ་ཐང་གའི་རིམ་པའི་ལག་ཁྱེར་ཡང་སྤྲད་སོང་བས་ང་རང་དགའ་ཚོར་ཆེན་པོ་བྱུང་། སླད་ཕྱིན་ངས་དགེ་ཕྲུག་དེ་བས་མང་བ་གསོ་སྐྱོང་བྱས་ནས་ཐང་གའི་སྒྱུ་རྩལ་གར་སྟེགས་ཐོག་སྨན་གསར་ལུགས་ཀྱི་ཐང་གའི་རིན་ཐང་མངོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།
རྩོམ་སྒྲིག་པ། སྣང་རྡོར།