ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

སྤེལ་དུས 2023-05-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ5པའི་ཚེས8ཉིན་གྱི་ཞོགས་པར། རང་རྒྱལ་གྱི་གྲགས་ཅན་བོད་རིགས་འཁྲབ་ཁྲིད་པ་དང་།  སྒྲིག་བཟོ་བ། རྩོམ་པ་པོ་བཅས་ཡིན་པའི་པདྨ་ཚེ་བརྟན་སྙིང་ནད་ཀྱི་རྐྱེན་པས། སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་ཚེ་ལས་འདས་པ་དང་།  དགུང་ལོ53ཡིན།

         ཚེས8ཉིན་ཀྲུང་གོ་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་གཞུང་ཕྱོགས་པོད་འཕྲིན་ཐོག“པདྨ་ཚེ་བརྟན་གྱིས་དེ་སྔ་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་སྐབས་ལྔ་པའི་ལག་བསྟར་ཨུ་ལྷན་གྱི་འགན་འཁུར་མྱོང་བ་དང་། མཐུན་ཚོགས་ཀྱི་ཚབ་བྱས་ཏེ་སྐབས་གསུམ་པའི་ཀྲུང་ཧན་གློག་བརྙན་འཁྲབ་ཁྲིད་པའི་གླེང་སྟེགས་ནང་ཞུགས་མྱོང་ཡོད། ཀྲུང་གོ་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ལས་རོགས་ཡོངས་ཀྱིས་གདུང་སེམས་ཚད་མེད་བཅངས་ནས་བོད་རིགས་སྤུན་ཟླའི་ལས་དབང་གཏོད་པའི་རླབས་ཆེན་གྱི་གློག་བརྙན་འཁྲབ་ཁྲིད་པར་སྙིང་དབུས་ནས་མྱ་ངན་ཞུས་ཡོད། པདྨ་ཚེ་བརྟན་ནི་ཕུལ་བྱུང་གི་གློག་བརྙན་པ་ཞིག་ཡིན་པ་མ་ཟད། སྲོལ་རྒྱུན་མཐའ་འཁྱོངས་དང་ཚེ་སྲོག་ལ་དགའ་ཞེན་ཆེ་བའི་རིག་གནས་ཁྱབ་སྤེལ་མཁན་དང་བསམ་གཞིག་མཁན་ཞིག་ཀྱང་ཡིན། ཁོང་སྐུ་གཤེགས་པ་ནི་ཀྲུང་གོའི་གློག་བརྙན་ལས་རིགས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད། པདྨ་ཚེ་བརྟན་གྱི་སྙིང་སྟོབས་དང་གློག་བརྙན་བརྩམས་ཆོས་མི་རྣམས་ཀྱི་སེམས་ནང་ནམ་ཡང་བརྟན་པོར་ངེས་རྒྱུར་ང་ཚོར་ཡིད་ཆེས་ཡོད”ཅེས་འཁོད་ཡོད།

         སྐར་དམར་གསར་འགྱུར་ཆ་འཕྲིན་ལ་གཞིགས་ན།  པདྨ་ཚེ་བརྟན1969ལོར་སྐྱེས་པ་དང་། གྲགས་ཅན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། སྒྲིག་བཟོ་བ། ཀྲུང་གོ་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་གློག་བརྙན་རྩོམ་རིག་སློབ་ཚོགས་ཀྱི་ཚོགས་མི་བཅས་རེད། ཚབ་མཚོན་གློག་བརྙན་བརྩམས་ཆོས་ལ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《ཐར་ལོ》《ལག་དམར》《དབུགས་ལྒང》སོགས་ཡོད། 
         མི་རིང་བའི་གོང་།  པདྨ་ཚེ་བརྟན་གྱིས་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཨང9པ《སིང་སྤང་བཀྲ》ཞེས་པ་སི་ཁྲོན་དུ་བརྩམས་ཤིང་། གློག་བརྙན་དེ་ནི་ཧོང་ཞོན་གྱིས་གཙོ་ཁྲིད་འཁྲབ་སྟོན་བྱས་པ་ཞིག་ཡིན་པ་དང་། གློག་བརྙན་དེའི་ནང་ཉིན་ཞིག་ཧ་ལེ་རྟགས་ཅན་གྱི་སྦག་སྦག་བཏང་བའི་སྐྱེས་པ་ཞིག(ཧོང་ཞོན་གྱིས་འཁྲབ་པ)བོད་རིགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སླེབས་པ་བརྗོད་ཡོད།

         2011ལོར་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཁྱི་རྒན》ཞེས་པ་དེར་པུའུ་ལུའུ་ཁེ་ལིན་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད། 2014ལོར་འཁྲབ་ཁྲིད་བྱས་པའི《གཡང་མདའ》ཞེས་པ་དེ་ནི་སྐབས་བརྒྱད་པའིFIRSTགཞོན་ནུ་གློག་བརྙན་འགྲེམས་སྟོན་གྱི་འགོ་ཚུགས་གློག་བརྙན་ཡིན།
         2016ལོར《ཆུ་དྭངས་མའི་ནང་གི་གྲི》ཞེས་པ་བརྟག་བཟོ་བྱས་ཡོད།   2018ལོར་འཁྲབ་ཁྲིད་བྱས་པའི་གློག་བརྙན《ལག་དམར》ཞེས་པར་སྐབས75པའི་ཝུའེ་ཉི་སིའི་གློག་བརྙན་དུས་ཆེན་གྱི་ས་གཞིའི་མུ་མཐའ་ཚན་པའི་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད། 2020ལོའི་ཟླ9པར“2020ལོའི་ལྷོ་ཕྱོགས་རྩོམ་རིག་གི་མཛད་སྟོན”ཐོག་པདྨ་ཚེ་བརྟན་ལ“ལོ་འཁོར་གྱི་བརྩམས་སྒྲུང་མཁས་ཅན”གྱི་བྱ་དགའ་ཐོབ་པ་རེད།  

         གློག་བརྙན《དབུགས་ལྒང》ཞེས་པ་ནི་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས7པ་ཡིན་པ་དང་དབང་གྲགས་ལྡན་པའི་གློག་བརྙན་དཔྱད་བརྗོད་མཁན་མི་ཉུང་བ་ཞིག་གིས་དེ་ནི་འཁྲབ་ཁྲིད་པའི་ད་བར་གྱི་བརྩམས་ཆོས་ཡག་ཤོས་ཤིག་རེད་ཅེས་དཔྱད་གཏམ་སྤེལ་ཡོད།

          འཁྲབ་ཁྲིད་པ་ཝང་ཅ་ཝུའེ་ཡིས་དེ་སྔོན“པདྨ་ཚེ་བརྟན་གྱི་གློག་བརྙན་གྱི་ཡིད་དབང་འཕྲོག་པའི་ཆ་ནི་གཏིང་ཟབ་ཐུང་གང་ནས་ཀྱང་གླེང་ཆོག གཏིང་ཐུང་ངོ་ནས་བལྟས་ཚེ་དེ་ནི་ལས་དབང་བརྗོད་པ་དང་གཏིང་ཟབ་ས་ནས་བལྟས་ཚེ་དེ་ནི་ཐར་པ་བརྗོད་ཡོད”ཅེས་བཤད་མྱོང་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།