དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

བོན་པོ་གདོང་སྣའི་ཐུགས་རྗེ་ཆེན་མོ།

སྤེལ་དུས 2020-05-19 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
         གདོང་སྣའི་ཐུགས་རྗེ་ཆེན་པོ་ནི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་ཡོད། དེ་ཡང་རང་རེ་བོད་ཡུལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་རྒྱལ་བ་ཉིད་ཀྱི་ལུང་གིས་ཟིན་ཅིང་། དོན་ལའང་དེ་ལྟར་ཡིན་པས་ཡུལ་གྲུ་ཀུན་ཏུ་འཕགས་པ་ཡབ་ཡུམ་གྱི་སྐུ་གཟུགས་དང་གཟུངས་སྔགས་ཡིག་འབྲུ་རང་བྱོན་མཐོང་རྒྱུ་ཡོད་པ་ནང་བཞིན། གནས་འདིར་ཡང་གདོད་མ་ནས་རྡོ་ལས་གྲུབ་པའི་འཕགས་པའི་སྐུ་བཪྙན་རང་བྱོན་དུ་ཡོད་པས་གནའ་ནས་གདོང་སྣའི་ཐུགས་རྗེ་ཆེན་པོ་ཞེས་འབོད་དོ།། རབ་བྱུང་ལྔ་པའི་ནང་སོག་པོ་རྒྱལ་པོའི་རྒྱུད་དུ་མིང་ལ་སྤྲེལ་ལྤགས་ཅན་ཟེར་བ་ཞིག་ཁྲིམས་འགལ་གྱིས་གནས་དབྱུང་བཏང་བ་ཕྱོགས་འདིར་ཐོན་ནས་རྟ་རྫི་སོགས་ཀྱིས་གཞན་ལ་གཡོག་བྱས། ཁོང་གིས་རྟ་འཚོ་སྐབས་དེང་སྐབས་མི་ལོང་ལུང་བར་འབོད་པའི་གནས་འདིར་བྲག་ཕུག་ཅིག་ཏུ་སྒོམ་ཆེན་པ་ཞིག་མཐོང་བ་ཏིང་ངེ་འཛིན་ལས་བསླངས། དེའི་སྟབས་ཀྱིས་ལུང་བ་འདིར་སྔོན་ཆད་གཉིད་ལོག་ལུང་བར་འབོད་དོ།། སྒོམ་ཆེན་འདི་པ་ནི་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་དེ་ཡིན། འདི་པས་སྤྲེལ་ལྤགས་ཅན་སྣོད་རུང་དུ་མཐོང་ནས་རྗེས་སུ་བཟུང་སྟེ་མིང་ལ་ཁྲིམས་འབར་ཚུལ་ཁྲིམས་ཞེས་བཏགས། བླ་སློབ་གཉིས་གནས་འདིར་སྤོས་ནས་ཉམས་ལེན་བྱས་ཏེ་མཐར་བླ་མ་འདི་ནས་སྐུ་གཤེགས། དེ་ནས་འདི་ལ་བོན་པོ་གདོང་སྣའང་ཟེར། དེ་ནས་རབ་བྱུང་བདུན་པའི་ནང་མིང་རྒྱལ་རབས་ཀྱི་དམག་དཔོན་ཀྲུའུ་ཀྲིན་ཟེར་བ་ཞིག་ཡུལ་འདིར་ཡོང་ནས་ཆབ་སྲིད་ཀྱི་ཆེད་དུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་གི་གཙོས་ལྷ་ཁང་འགའ་བཟོ་བཀོད་ཕུན་སུམ་ཚོགས་པ་བཞེངས། ནང་དུ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་བྱས་གྲུབ་ཆེན་བརྒྱད་ཅུ་དང་ཆོས་སྐྱོང་སྣ་ཚོགས་བཅས་དང་། གཞན་ཡང་ཡིག་བྱང་མང་པོ། རི་འདབས་ནས་རི་རྩེ་བར་དུ་སྒོ་རིམ་གསུམ་ལ་ཡིག་བྱང་མི་འདྲ་བ་རེ་རེ་བཅས་ཉམས་དགའི་ངོར་མཛེས་མཛེས་ཤིག་གྲུབ། སྤྱིར་ན་ཡིག་བྱང་དང་མིང་ཐམ་འབུལ་བ་ནི་སྲིད་དོན་པ་རྣམས་ཀྱི་གཡོ་ཐབས་ཤིག་ཡིན་འདུག རབ་རྒྱལ་ས་ཁྱི་སྟེ་ང་བརྒྱད་དང་རིག་གསར་སོགས་ཀྱིས་མིང་གི་ལྷག་མ་ཙམ་ཞིག་ལུས་པ་བྱུང་། དེ་ནས་ཆོས་དད་རང་དབང་གི་སྲིད་ཇུས་ཕྱོགས་ཀུན་ཏུ་བསྒྲགས་པ་དང་ཆབས་ཅིག་ཏུ་རབ་རྒྱལ་ཤིང་གླང་ལོའི་ཟླ་ལྔ་པ་ནས་བཟུང་སླར་གསོ་བྱེད་མགོ་བརྩམས། ད་ལྟ་སྤྱན་རས་གཟིགས་ཀྱི་ལྷ་ཁང་སྔོན་ཆད་ཇི་ལྟ་བ་དང་དགྲ་བཅོམ་ལྷ་ཁང་། གཞན་གྲྭ་ཤག་འགའ་བཅས་ལེགས་འགྲུབ་བྱུང་། སྔོན་བྱོན་དམ་པ་རྣམས་ཀྱིས་སྔར་གང་ཟག་ཁྱད་པར་ཅན་གྱིས་གནས་འདིར་བྱིན་གྱིས་བརླབས་ནས། ད་ལྟ་གནས་ཁྱད་པར་ཅན་གྱིས་གང་ཟག་ལ་བྱིན་གྱིས་བརླབས་པའི་དུས་ཡིན་ཏེ། ཕྱག་སྐོར་སོགས་ལ་འབད་ན་ངེས་པར་སྡིག་སྒྲིབ་འདག་པར་གསུངས་སོ།།