དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

འབར་ཁམས་དགོན་གྱི་ལོ་རྒྱུས།

སྤེལ་དུས 2020-06-28 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ།
        དགོན་སྡེ་འདི་ནི་འབར་ཁམས་གྲོང་རྡལ་གྱི་རི་ངོས་སུ་ཡོད། མཚན་ལ་དགེ་ལྡན་དར་རྒྱས་གླིང་ཞེས་གྲགས་པ་སྟེ་སྤྱིར་བཏང་འབར་ཁམས་དགོན་ཞེས་པ་དེའོ། ། དགོན་འདི་ལ་སྔོན་སྔ་འགྱུར་གཡུང་དྲུང་གླིང་ཞེས་འབོད་ལ། ལོ་ངོ་ཆིག་སྟོང་བརྒྱད་བརྒྱའི་ལོ་རྒྱུས་ཡོད།
        ཕྱིས་སུ་རབ་བྱུང15པའི་ཤིང་ཁྱི་སྟེ(སྤྱི་ལོ1874)ལ་བོད་ལྗོངས་དགའ་ལྡན་གྱི་ཁྲི་རབས་དོན་བཞི་བ། ཅོག་ཙེ་གསེར་ཁྲི་བྱང་རྩེ་བློ་བཟང་ལྷུན་གྲུབ་ཀྱི་ཡང་སྤྲུལ་མཁྱེན་རབ་བསྟན་པའི་རྒྱལ་མཚན་གྱིས་བསྐྱར་འདེབས་བྱས་ཤིང་དགེ་ལུགས་ལ་བསྒྱུར་པ་ལགས།
        དགོན་སྡེ་འདི་དགེ་ལུགས་ལ་བསྒྱུར་བའི་རྗེས་ཀྱི་གདན་རབས་ནི། དང་པོ། མཁྱེན་རབ་བསྟན་པའི་རྒྱལ་མཚན་ཤིང་སྤྲེལ་ཏེ་སྤྱི་ལོ(1824ལོར)འཁྲུངས་ནས་སྤྱི་ལོ(སྤྱི་ལོ1893)ལ་འདས། གཉིས་པ། ཐུབ་བསྟན་གོ་ཆ་འོད་འདུས་རབ་ཚེས་ས་ཁྱི་སྟེ(སྤྱི་ལོ1898ལོར)འཁྲུངས་ནས(སྤྱི་ལོ1944)ལ་འདས། གསུམ་པ། ཆོས་ཀྱི་རྒྱལ་མཚན་རབ་རྒྱལ་ཤིང་ཕག་སྟེ(སྤྱི་ལོ1935ལོར)འཁྲུངས་ནས(སྤྱི་ལོ1989)ལ་འདས། བཞི་བ། སེར་སྨད་མཁན་པོ་བློ་བཟང་བསྟན་འཛིན་རབ་ཚེས་ཆུ་སྟག་སྟེ(སྤྱི་ལོ1902ལོར)འཁྲུངས། ལྔ་བ། སེར་སྨད་མཁན་པོ་ངག་དབང་ཐེག་མཆོག་རབ་རྒྱལ་ས་འབྲུག་སྟེ(སྤྱི་ལོ1928ལོར)འཁྲུངས། དྲུག་པ། བྱང་རྩེ་མཁན་པོ་བློ་བཟང་སྤྱིན་པ་རབ་ཚེས་ལྕགས་ཡོས་ཏེ(སྤྱི་ལོ1891ལོར)འཁྲུངས་ནས(སྤྱི་ལོ1920ལོར)འདས། བདུན་པ། རྒྱུད་པ་བ་ཐུབ་བསྟན་མཐའ་ཡས་རབ་ཚེས་མེ་ལུག་སྟེ(སྤྱི་ལོ1907ལོར)འཁྲུངས་ནས(སྤྱི་ལོ1992ལོར)འདས། བརྒྱད་པ། དབོན་པོ་ངག་དབང་མཐའ་ཡས་རབ་ཚེས་ཆུ་ཁྱི་སྟེ(སྤྱི་ལོ1922ལོར)འཁྲུངས། དགུ་བ། བྱམས་པ་ཐུབ་དབང་རབ་ཚེས་ཤིང་སྟག་སྟེ(སྤྱི་ལོ1914ལོར)འཁྲུངས། བཅུ་བ། ངག་དབང་དོན་འགྲུབ་རབ་རྒྱལ་ཆུ་བྱ་སྟེ(སྤྱི་ལོ1933ལོར)འཁྲུངས། བཅུ་གཅིག དབོན་བསྟན་འཕེལ་རབ་རྒྱལ་ཤིང་ཁྱི་སྟེ(སྤྱི་ལོ1934ལོར)འཁྲུངས་ནས་དགོན་སྡེ་འདི་རིམ་པར་ཕྱག་སྐྱོང་གནང་བའོ། ། དགོན་འདིར་བཞུགས་པའི་དགེ་འདུན་པ་ནི་སྔོན་ཆད400དང་ད་ལྟ200ལྷག་བཞུགས་སོ། །
        སི་ཁྲོན་ཞིང་ཆེན་གྱིས་སྲུང་སྐྱོབ་ཀྱི་དགོན་སྡེར་བཞག་ཡོད་ཀྱང་། རྐྱེན་དབང་གིས་གཏོར་བཤིག་ཐེབས། རྗེས་སོར་རྔ་བ་ཁུལ་གྱིས(སྤྱི་ལོ1987ལོར)ཆོག་མཆན་གནང་ནས་སླར་གསོ་ཡང་དག་མཛད་པའོ། །