ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ལྕགས་རི་འགྲོ་ཕན་གླིང་།

སྤེལ་དུས 2024-01-10 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
  ༄༅།། ལྕགས་རི་འགྲོ་ཕན་གླིང་ནི་ལྷ་ས་གྲོང་ཁྱེར་ན་ཡོད།
  དུས་རབས་བཅོ་ལྔ་བར་བོད་ཀྱི་གསོ་རིག་གི་མཁས་གྲུབ་ཐང་སྟོང་རྒྱལ་བོས་གངས་ཅན་ཡུལ་དབུས་ཀྱི་ལྷ་ལྡན་ཞིང་གི་གསང་བདག་བླ་རི་ལྕགས་པོ་རིར་བཞེངས་བའི་གྲུབ་ཐོབ་ལྷ་ཁང་གཞི་བྱས་ཏེ་བཞེངས།
  སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྕགས་པོ་རི་འདི་ཉིད་རྩ་རྒྱུད་དུ་བསྟན་པའི་གནས་ཕུན་སུམ་ཚོགས་པ་ལྟ་བུའི་གཟིགས་སྣང་བྱུང་བ་དང་ལྷག་པར་ལྔ་བ་ཆེན་པོའི་དགོངས་རྫོགས་སུ་དམིགས་ཏེ་རབ་བྱུང་བཅུ་གཉིས་བའི་མེ་བྱ་དང་ཡེ་ལོ་ལྟར་ན་1696ལོར་ཕྱག་བཏབ།
  གཞུང་ཕྱོགས་ནས་བདག་སྐྱོང་བྱས་བའི་བོད་ཀྱི་གསོ་རིག་གི་བསྟན་པ་འཛིན་པའི་སྨན་པ་ཚད་ལྡན་གྱི་སྡེ་ཁག་གཞི་རྒྱ་ཆེ་ལ་སྒྲིག་གཞི་ཚང་ལ།དུས་ཡུན་ཡང་རིང་བོར་གནས་བའི་བོད་ཀྱི་གསོ་རིག་བསླབ་གྲྭ་ཆེན་མོ་ཞིག་ཡིན།