གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྲོག་རྩ་བརྟན་པོར་བསྲུངས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གཏོད་དགོས།

སྤེལ་དུས 2018-06-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཁྲེན་ཀྲེ་ཆང་གིས།
             དུས་རབས་གསར་པར་སླེབས་ཚུན་མི་རིགས་མཐུན་སྒྲིལ་གྱི་འགན་འཁྲི་གསར་པ་དང་ལས་འགན་གསར་པ་སྤྲད་པས་མི་རིགས་མཐུན་སྒྲིལ་གྱི་ནུས་པ་དེ་བས་མངོན་གསལ་དོད་ལ་ལས་འགན་ཡང་དེ་བས་དཀའ་ཚེགས་ཆེ་བ་དང་། འཁུར་དགོས་པའི་འགན་འཁྲི་དེ་བས་ལྕི་ལ་བླང་བྱ་དེ་བས་མཐོ་པོ་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་སྲོག་རྩར་བརྩིས་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་མཐའ་གཅིག་ཏུ་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་ཕན་འབྲས་གསར་པ་ཐོན་ཡོད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྔར་བས་སྐུལ་མ་གཏོང་བར་སྨྱུག་འཛིན་པས་གཤམ་གསལ་གྱི་ཕྱོགས་ཁག་ནས་ལག་བསྟར་བྱེད་དགོས་པའི་ངོས་འཛིན་བྱས་ཤིང་།
             གཅིག་ནས་ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཨུད་དང་སྲིད་གཞུང་ཁག་གིས་གཏོད་འཛུགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་སྐུལ་གཏོང་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་བཀོད་སྒྲིག་ནན་ཏན་བྱེད་པ་དང་། ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ཁག་བགོས་ཁ་གསལ་བྱེད་པ་བཅས་བྱས་ཏེ་མི་ཤུགས་དང་། ནོར་ཤུགས། དངོས་ཤུགས་བཅས་ཐད་ནས་ནུས་ཤུགས་ཡོད་རྒུས་འགན་ལེན་གྱིས་གནས་ཚད་མཐོ་པོས་གཏོད་འཛུགས་ལས་དོན་ལ་སྐུལ་མ་བཏང་ཐོག་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་ཐོབ་པ་བྱེད་དགོས་པ་དང་།
             གཉིས་ནས་བརྙན་འཕྲིན་དང་། དྲ་ཚུགས། སྐད་འཕྲིན་གྱི་སྤྱི་རྟགས་སོགས་བརྒྱུད་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་གི་འགྲིམ་འགྲུལ་བགྲོད་ལམ་གཙོ་བོ་དང་། མི་སྣ་འདུ་འཛོམས་ཆེ་བའི་ཁུལ། ལས་ཁུངས(ཁེ་ལས་དང་བྱ་གཞག་ཚན་པ) གྲོང་ཚོ(གྲོང་ལྷན) སློབ་གྲྭ། དགོན་སྡེ། དམག་སྒར། མཛེས་ལྗོངས་ཁུལ་སོགས་སུ་དྲིལ་བསྒྲགས་བྱ་ཡུལ་འཛུགས་པ་དང་། དྲིལ་བསྒྲགས་བྱང་བུ་དང་བརྡ་ཆའི་བྱང་བུ་ཆེ་གྲས་འཛུགས་པ། དྲིལ་བསྒྲགས་སྦྱར་ཡིག་ལེགས་འདེམས། གསར་འགྱུར་འཕྲིན་སྤེལ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་ནང་དོན་གང་སར་མཐོང་རྒྱུ་ཡོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཁྱབ་ཐུབ་པ། རྣམ་པ་ཟབ་མོ་ཞིག་གཏོད་པ་བཅས་བྱེད་དགོས་པ།
             གསུམ་ནས་ལས་དོན་སྤེལ་རྒྱུ་དེ་ཁྱབ་ཁོངས་ཁག་ཏུ་སྣུར་སྲིང་དང་མང་ཚོགས་ཚང་མར་ཁྱབ་པ་བྱེད་པ་དང་ལྷག་པར་དུ་སྒོ་དབྱེ་བསྟུན་མཁས་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཕྱི་ནས་ཡོང་བའི་མི་དང་ཕྱོགས་མིར་རྣམ་པ་སྣ་ཚོགས་དང་གོ་བདེ་ཤེས་སླའི་དྲིལ་བསྒྲགས་སློབ་གསོ་བརྒྱབ་སྟེ་ཁོང་ཚོས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་དང་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་དགོས་པ་བཅས་སོ། །