གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་ཀའི་ནུས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

སྤེལ་དུས 2018-06-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། དབྱང་ཙེ་ཡན།
             གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱས་ཡོད་མེད་དེ་གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་དང་ཏང་གི་སྲིད་སྐྱོང་རྨང་གཞི་ཡག་པོ་འདིང་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། དེར་བརྟེན་དུས་སྐབས་གསར་པར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཏང་གིས་གཞི་རིམ་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
             ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་རླབས་ཆེན་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་རླབས་ཆེན་འདུ་འགོད་སྐྲུན་དགོས་ཞེས་བསྟན་ཡོད། རླབས་ཆེན་འདུ་འགོད་དེ་ནི་རང་རེའི་ཏང་གིས་སྐུལ་འདེད་གཏིང་ཟབ་གཏོང་བཞིན་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་དེ་རེད། ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ཀྱིས་ཏང་གཤིས་ཀྱི་རྩ་དོན་བརྟན་དུ་གཏོང་བ་དང་། གནད་དོན་ལ་ཁ་གཏད་གཅོག་ཕོད་པ། རུས་འབྲད་དུག་སེལ་ཕོད་པ་བཅས་བྱས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་བསལ་ནས་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་རེའི་ཏང་ནམ་ཡང་གསོན་ཤུགས་རྒྱས་པ་དང་འཐབ་ནུས་ཆེན་པོ་ལྡན་པར་བྱེད་དགོས།
བཟོ་ཚོང་སྡེ་ཚན་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ངོས་ནས་བརྗོད་ན། སྨྱུག་འཛིན་པར་གཤམ་གྱི་བསམ་ཚུལ་འགའ་ཡོད་པ་སྟེ།
             གཅིག་ནས། བསམ་བློའི་ངོས་འཛིན་ཟབ་ཏུ་ཏན་ཏིག་གཏོང་དགོས་ཤིང་། མི་དམངས་ནི་ལོ་རྒྱུས་གསར་གཏོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཤིག་རེད། སྲིད་གཞུང་གི་འགན་ནུས་སྡེ་ཚན་ཞིག་གི་ངོས་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་བཟོ་ཚོང་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དེ་གཙོ་རྐང་དུ་བརྩིས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དེ་སློབ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་རྒྱུན་མཐུད་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་ཁྲིད་སྟོན་བྱས་ཏེ་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་མུ་མཐུད་ལག་ལེན་བསྟར་ནས་དེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཐོག་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་བསམ་བློའི་འགན་ལེན་མཁོ་འདོན་བྱེད་དགོས།
             གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་པ་དང་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བར་མཉམ་དུ་ཤུགས་སྣོན་བརྒྱབ་ནས་རང་ངོས་གཙང་བཟོ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ཏང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་ལས་འགན་གསལ་པོ་བཟོས་ཏེ། རིམ་པ་བཞིན“འགན་འཁྲིའི་ཡི་གེ”འཇོག་པ་དང་། རིམ་པ་བཞིན་གནོན་ཤུགས་སྤྲོད་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་དམངས་འཚོའི་འཚོ་བའི་ཚོགས་འདུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དེ་རེད།