གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གྲོང་ཚོར་བཅའ་སྡོད་བྱས་ཚེ། གྲོང་ཚོར“སྡོད”ཤེས་པ་བྱེད་དགོས།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཧྥན་ལུའུ་ཡིས།
            གང་འདྲ་ཞིག་ལ་གྲོང་ཚོར་བཅའ་སྡོད་ཟེར་རམ་ཞེ་ན། དེ་ནི་གྲོང་ཚོར་སྡོད་པ་ལ་ཟེར་བ་སྨོས་མེད་ཡིན། “གྲོང་ཚོར་སྡོད་པའི”རིང་། གྲོང་སྡོད་ལས་བྱེད་པར་རང་ཚན་པའི་ལས་ཀ་སྒྲུབ་མི་དགོས་པར་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་པ་དང་། མང་ཚོགས་དང་ངོ་འཕྲད་གདོང་ཐུག་ངང་སྙིང་གཏམ་བཤད་དེ། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུག་ཁུར་དངོས་འབྲེལ་ཚོར་བ་བྱེད་དགོས་པ་དེ་ཡིན།
            དམངས་ཆེད་བྱ་བ་སྒྲུབ་པའི་དུས་རབས་གསར་པའི་གྲོང་སྡོད་ལས་བྱེད་པ་ངོ་མ་ཞིག་ཇི་ལྟར་བྱེད་པའི་ཐད་ལ། སྨྱུག་འཛིན་པས་ཡིད་རྣལ་ལ་ཕབ་ནས་གྲོང་ཚོར་སྡོད་རྒྱུ་ནི་ལས་འགན་ཨང་དང་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གྲོང་ཚོར་བསྡད་དེ་དཀའ་ངལ་ཡོད་པའི་མང་ཚོགས་དང་ངོ་འཕྲད་གདོང་ཐུག་ངང་སྙིང་གཏམ་ཤོད་རེས་བྱས་ཚེ། གཞི་ནས“གཞུང་དོན་ཁང་དུ་ལྡིང་བ”ནས“མང་ཚོགས་ཁྲོད་ཟབ་འཇུག”ཐུབ་པ་དང་། དུད་ཚང་དབུལ་པོའི་གཞི་རྩའི་གནས་ཚུལ་དང་། དབུལ་པོར་གྱུར་རྐྱེན། དུད་ཚང་དབུལ་པོའི་འདོད་བློ་དང་རེ་བ་བཅས་ལ་རྒྱུས་མངའ་ལོན་ནས་གཞན་དབང་ངང་བསྐྱོད་པ་ནས་རང་འགུལ་ངང་བསྐྱོད་དེ་སེམས་རྩ་འཁོལ་པོ་དང་། ལྷག་བསམ་རྣམ་དག ངང་རྒྱུད་རིང་པོ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་ཐུབ། དེ་ལྟར་བྱུང་ཚེ་མང་ཚོགས་ཀྱིས་སེམས་གཏིང་ནས་དགའ་བསུ་ཞུ་བ་དང་བསྔགས་བརྗོད་ཐོབ་ཐུབ།
            གྲོང་སྡོད་བྱ་རྒྱུའང་གྲོང་ཚོར“སྡོད་རྒྱུ་ཙམ”མིན་པར་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་རྒྱུ་དེ་དབུལ་སྐྱོར་བྱེད་མཁན་ལས་བྱེད་པ་ཡོངས་ཀྱིས་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་དང་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས“གཅིག་རོགས་གཅིག”གི་རོགས་རམ་བྱེད་སྟངས་ལག་ལེན་བསྟར་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་བསྒྲིགས་ནས་སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ནས་རང་ཉིད་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་དང་མང་ཚོགས་ཀྱི་ཁེ་ཕན་གྱི་རེ་འདོད་མཐིལ་རྟོགས་ཁར་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། ལས་ཀར་དམ་འཛིན་བྱེད་པའི་ཐོག་ནས་དམངས་ཀྱི་གནས་ཚུལ་ཉན་པ་དང་། དམངས་ཀྱི་སེམས་ཁྲལ་ཤེས་པ། དམངས་ཀྱི་འཁང་ར་སེལ་བ། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ཕྱུག་པོ་ཆགས་རྒྱུར་རོགས་རམ་བཅས་བྱེད་པ་དང་། མང་ཚོགས་ལ་དངོས་འབྲེལ་སློབ་སྦྱོང་ཞུས་ཏེ་གཞི་རིམ་དུ་ལས་ཀ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས།
            གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཁག་གཅིག་གྲོང་ཚོར་སླེབས་ཐེངས་དང་པོ་ཡིན་པས་གྲོང་ཚོའི་གནས་ཚུལ་ལ་རྒྱུས་མངའ་དེ་ཙམ་མེད། དེས་ན། རྒྱུན་གཏན་གྱི་ལས་ཀ་ཡག་པོ་སྒྲུབ་པ་ཕུད་གྲོང་ཚོའི་ལས་བྱེད་པའི་ས་ནས་སློབ་སྦྱོང་མང་ཙམ་ཞུ་བ་དང་སྙིང་གཏམ་མང་ཙམ་ཤོད་དགོས། གྲོང་ཚོའི་ལས་བྱེད་པ་ཕལ་ཆེ་བ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན་པས་གནས་ཚུལ་ཤེས་ལ་ཡུལ་སྲོལ་གོམས་གཤིས་ལའང་རྒྱུས་མངའ་ཆེ་བ་དང་ཡུལ་མི་གཞན་དང་སྐད་བརྡ་མི་འཕྲོད་པ་མེད་པས། གྲོང་སྡོད་ལས་དོན་སྒྲུབ་པའི་དགོས་ངེས་ཀྱི་རོགས་པ་བཟང་པོ་ཞིག་རེད། དེས་ན་ཁོང་ཚོའི་བསམ་འཆར་དང་སྐད་ཆར་མང་ཙམ་ཉན་ནས་ཁོང་ཚོ་དང་འབྲེལ་ལམ་ཟབ་མོ་འཛུགས་པ་དང་ཁོང་ཚོའི་ཡིད་ཆེས་ཐོབ་ཐབས་བྱས་ཏེ། ཁོང་ཚོའི་ལུགས་མཐུན་གྱི་གྲོས་འགོ་དང་བསམ་འཆར་ལ་གསེད་བཀྲོལ་ཁར་གྲོང་ཚོའི་དོན་དངོས་ཀྱི་གནས་ཚུལ་དང་ཡང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་སྤྱོད་འཐུས་ཀྱི་འཕེལ་རྒྱས་འཆར་འགོད་བྱས་ཏེ། འཆར་གཞི་དང་དམིགས་ཚད་ལ་གཞིགས་ནས་ལས་དོན་རིམ་པས་ཡག་པོ་སྒྲུབ་དགོས།