ཀུན་སྤྱོད་ཀྱི་མེ་ཏོག་གང་སར་བཞད་པར་བྱེད་དགོས།
སྤེལ་དུས 2018-01-02
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། ཉི་ཆོས།
མིག་དཔེའི་སྟོབས་ཤུགས་ནི་འཛད་མཐའ་མེད་པ་ཞིག་རེད། འཕྲལ་འགྲུབ་ཡོང་རེ་བྱེད་པ་དང་དངོས་པོར་དད་ཞེན་ཆེ་བའི་དུས་རབས་འདིར། རང་ཉིད་ཀྱི་སེམས་རྣལ་དུ་ཕབ་ནས་ཆུ་སྣ་གར་ཁྲིད་མི་བྱེད་པར་དད་སེམས་ཤིག་དང་སྟོབས་ཤུགས་ཤིག་གིས་ང་ཚོར་མདུན་སྐྱོད་ཀྱི་ལམ་བུར་འོད་སྟོང་འཕྲོ་བར་བྱེད་དགོས་ཀྱི་ཡོད། མིག་དཔེ་ནི་ང་ཚོར་དགོས་པའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཡིན། ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་བྱེད་པ་ནི་དུས་རབས་གསར་པའི་མིག་དཔེ་ཁག་གཅིག་ཡ་རབས་སྤྱོད་བཟང་གི་ས་རྒྱུ་གཤིན་པོར་རྩ་བ་ཚུགས་པར་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་ཀྱི་དྲང་ནུས་བརྒྱུད་སྤེལ་བྱ་རྒྱུར་རག་ལས་ཡོད།
མི་ཚེར་མིག་དཔེའི་སྟོབས་ཤུགས་དགོས། མིག་དཔེ་ནི་ང་ཚོའི་ཀུན་སྤྱོད་མངོན་པར་བྱེད་པའི་མེ་ལོང་ལྟ་བུ་ཞིག་རེད། ང་ཚོས་མིག་དཔེ་མེ་ལོང་དུ་བྱས་ནས་རང་ཉིད་ཀྱི་མི་ཚེར་ཀུན་སྤྱོད་ཀྱི་ཚད་ཤིང་ཞིག་འཛུགས་དགོས་པ་མ་ཟད། ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་ལ་གཞིགས་ནས་མིའི་དབར་གྱི་ཧེ་བག་ཤེས་པ་དང་ཆུང་དུ་བཏང་ཚེ་གཞི་ནས་འཛད་མཐའ་ཡོད་པའི་དུས་ཚོད་ནང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཐུབ།
དོན་དངོས་ཐོག་འཚོ་བའི་ཁྲོད་ཀྱི་ཀུན་སྤྱོད་དཔེ་བཟང་ནི་ང་ཚོས་མཐོང་དཀའ་བའི་མི་རླབས་པོ་ཆེ་མིན་པར་ང་ཚོ་དང་འདྲ་བའི་མི་དཀྱུས་མ་ཤ་སྟག་རེད། ཡིན་ནའང་ཁོང་ཚོས་འགྱོད་པ་མེད་པའི་བློས་གཏོང་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ལས་ལྷག་བསམ་བརྩེ་བ་དང་དགེ་བ་དཔག་ཏུ་མེད་པ་མཚོན་པར་བྱེད་ཀྱི་ཡོད་པ་དེ་དག་ནི་ང་ཚོར་མེད་པའི་མངོན་མེད་སྟོབས་ཤུགས་ཤིག་རེད། ང་ཚོར་མི་ཚེའི་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འོད་སྟོང་འཕྲོ་བའི་སྟོབས་ཤུགས་འདི་ལྟ་བུ་ཞིག་དགོས་ཀྱི་ཡོད།
ཀུན་སྤྱོད་དཔེ་བཟང་གི་ལུས་ཐོག་ནས་མིག་དཔེའི་སྟོབས་ཤུགས་མངོན་པར་བྱས་ནས་ང་ཚོའི་མི་ཚེའི་སྒུལ་ཤུགས་སུ་བསྒྱུར་ཐབས་ཀྱིས་སྤྱོད་བཟང་གི་ལམ་བུའི་ཐོག་གོམ་པ་སྤོ་མཚམས་མི་འཇོག་པར་དཔའ་ངར་ཆེར་བསྐྱེད་ངང་བསྐྱོད་དེ་ཀུན་སྤྱོད་ཀྱི་མེ་ཏོག་ལས་ལྟ་ན་སྡུག་པའི་ཉམས་འགྱུར་མངོན་པར་བྱེད་དགོས།