དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་དགོས།

སྤེལ་དུས 2020-03-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གྲོང་གསེབ་མཛེས་པོ་ཡོད་མེད་གཅིག་ནས་ཁོར་ཡུག་ལ་ལྟ་དགོས་པ་དང་གཉིས་ནས་དམངས་སྲོལ་ལ་ལྟ་དགོས། གྲོང་གསེབ་བཅོས་སྒྲིག་གི་འགག་རྩ་མི་ལ་ཐུག་ཅིང་། ཞིང་པའི་ཤེས་དཔལ་གྱི་བྱང་ཚད་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་སོང་ཚེ། ཕྱུག་འགྱུར་འཇོན་ཐང་ཡང་ཆེ་རུ་འགྲོ་སྲིད། གྲོང་གསེབ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་བ་ནས་འགོ་བཙུགས་ཏེ་གནད་སྨིན་ཤུགས་འདོན་དང་འབད་འཐབ་ལྷོད་མེད་བྱེད་དགོས། དེའི་ཐད་སྨྱུག་འཛིན་པས་གཤམ་གསལ་གྱི་གྲོས་འགོ་ཁག་འདོན་རྒྱུ་སྟེ།
          གཅིག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པར་དམིགས་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ་དང་སྤྱི་པའི་ཞབས་འདེགས་ནི་གྲོང་གསེབ་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་མངོན་གསལ་དོད་པའི་ཞན་ཆ་རེད་ལ། གྲོང་གསེབ་ཀྱི་དམངས་འཚོ་ལེགས་སུ་གཏོང་བར་འགོག་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཞིག་ཀྱང་རེད། དེས་ན། སེམས་ཐག་ཆོད་པོས་མ་དངུལ་འབོར་ཆེན་གཏོང་བ་དང་འབད་འཐབ་ལྷོད་མེད་ཀྱིས་ཞན་ཆ་སེལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་དང་བྱེད་པོ་མང་པོས་ཐེ་ཞུགས་བྱས་ཏེ། གྲོང་གསེབ་ཀྱི་ལམ་དང་། ཆུ། གློག རླངས། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཏན་ཏིག་གཏོང་བ་དང་། གྲོང་གསེབ་ཀྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་པའི་འགན་སྲུང་། རྒན་གསོ། རིག་གནས་ལུས་རྩལ་སོཌ་སྤྱི་པའི་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་དགོས།
          གཉིས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གང་མགྱོགས་གཏོང་བར་དམིགས་དགོས། སྣོད་བཅུད་སྡོད་མལ་ནི་གྲོང་གསེབ་དར་རྒྱས་ཀྱི་གཞི་རྩའི་བླང་བྱ་རེད། ཡུལ་བབ་དང་བསྟུན་ནས་སྣ་མང་ཅན་གྱི་འཁོར་རྒྱུག་བྱེད་ཐབས་འཚོལ་ཞིབ་དང་། འགན་འཁྲི་དང་ལས་དོན་གྱི་ལམ་སྲོལ་འཐུས་ཚང་། གད་སྙིགས་དང་བཙོག་ཆུ་གཙང་སེལ། “གསང་སྤྱོད་གསར་བརྗེ” གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སུ་གཏོང་བ་བཅས་ཀྱིས་གཙོས། “གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད”ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་དགོས།
          གསུམ་ནས་ཞིང་པའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས། གྲོང་གསེབ་བཅོས་སྒྲིག་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ཕན་འབྲས་དངོས་ཐོན་མིན་གྱི་མཐའ་མའི་བརྡས་ཐག་གཅོད་དབང་ཞིང་པ་རྣམས་ལ་ཡོད། གྲོང་གསེབ་བཅོས་སྒྲིག་དང་། སྒྱུར་བཅོས། གསར་གཏོད་བཅས་དང་སྲིད་ཇུས་ཀྱི་བྱེད་ཐབས་ཚང་མ་དང་གྲོང་གསེབ་བཅོས་སྒྲིག་གི་བྱ་སྤྱོད་ཚང་མས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་འདུན་པ་ཟབ་མོར་དམ་པོར་དམིགས་ཏེ། ཞིང་པའི་འདོད་འདུན་ལ་བརྩི་བཀུར་དང་། ཞིང་པའི་བསམ་འཆར་དང་གྲོས་འགོ་ཉན་པ། ཐམས་ཅད་ཞིང་པའི་རྩ་བའི་ཁེ་ཕན་ནས་འགོ་འཛུགས་པ། ཐམས་ཅད་ཞིང་པ་བློ་ཡིད་ཚིམ་མིན་དང་། ཞིང་པས་དགའ་པོ་བྱེད་མིན། ཞིང་པས་ཁས་ལེན་མིན་བཅས་མཐའ་མའི་ཚད་གཞིར་བརྩི་བ་བཅས་བྱས་ནས་སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།