དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བའི་བྱ་ཐབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་པའི་དཔྱད་གཏམ་སྤེལ་བ།

སྤེལ་དུས 2020-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          དཔྱད་གཏམ་ནང་། ལས་ཞུགས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་རོགས་སྐྱོར་དང་། ལས་གནས་བརྟན་པོ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། རྩལ་ནུས་ཆེ་རུ་གཏོང་བ་དང་། འགན་སྲུང་མང་དུ་བཏང་ནས། ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་ཐད་ཤུགས་སྣོན་རྒྱག་དགོས་པ། ད་དུང་སྐོང་བསྡུར་སྐུལ་འདེད་དང་ཞབས་ཞུར་མཐོང་ཆེན་བྱས་ནས། ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་ཀྱི་གྲུབ་གཞིའི་རང་བཞིན་གྱི་འགལ་བ་ཐག་གཅོད་བྱ་དགོས་ཞེས་བསྟན་ཡོད།
          དཔྱད་གཏམ་ནང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པའི་ཨང་དང་པོར་འཇོག་པ། ལས་ཞུགས་སླར་གསོ་དང་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་ལས་དོན་དེ་དམངས་འཚོའི་ལས་གཞི་གལ་ཆེན་དུ་བརྩིས་ནས་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མུ་མཐུད་སྐུལ་སློང་དང་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འཕེལ་བ་བྱས་ནས། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།