དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས།

སྤེལ་དུས 2020-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          དཔྱད་གཏམ་ནང་། ལས་འགོ་བསྐྱར་འཛུགས་ནི་ལས་ཞུགས་བརྟན་པོ་ཡོང་བ་དང་། ཐོན་སྐྱེད་སླར་གསོ་ནི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད། ས་གནས་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས། གནད་འཕིགས་ཇུས་འདོན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་དགོས་ཤིང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། རིམས་ནད་འགོག་རྒོལ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་དམ་འཛིན་བྱེད་པ་ལས་འཐུས་ཤོར་མི་འགྲོ་བ་བྱེད་དགོས་ཞེས་འཁོད་ཡོད།
          དཔྱད་གཏམ་ནང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ནི་མ་ལག་རང་བཞིན་གྱི་ལས་གཞི་ཞིག་ཡིན་ཞིང་། ཐོན་ལས་འབྲེལ་ཐག་གི་ལྷུ་ཚིགས་ནི་གཅིག་ལ་གཅིག་སྦྲེལ་ཡིན་པས། ལྷུ་ཚིགས་གཅིག་ལ་གནད་དོན་ཐོན་ཚེ་ཁེ་ལས་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས་ན་ལས་འགོ་བསྐྱར་འཛུགས་བྱེད་ཚད་ལ་དོ་ཁུར་བྱེད་དགོས་ལ། ཐོན་ནུས་སླར་གསོ་བྱེད་ཚད་ཐད་ལའང་ཤུགས་སྣོན་རྒྱག་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དེ་དངུལ་རྩ་དང་། ནོར་ཁྲལ། བཅའ་ཁྲིམས། སྲིད་དོན། འགྲིམ་འགྲུལ་སོགས་ཕྱོགས་མང་པོའི་སྲིད་ཇུས་འགན་ལེན་བྱས་ཏེ་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དང་། མ་དངུལ། མ་བཅོས་རྒྱུ་ཆའི་མཁོ་སྤྲོད་སོགས་ཞིབ་ཕྲའི་དཀའ་ངལ་ཐག་གཅོད་བྱེད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བགྲོད་ལམ་ཆེན་པོ་ཤར་གཏོང་དང་དཔལ་འབྱོར་འཁོར་རྒྱུག་བདེ་བླག་ཡོང་བ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།