དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཐོབ་ཟིན་པའི་གྲུབ་འབྲས་ལ་གཅེས་འཛིན་གྱིས། བརྟན་དུ་ཐོང་།

སྤེལ་དུས 2020-03-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           རིམས་འགོག་དམག་འཐབ་རྒྱབ་ནས་ཟླ་བ་གཉིས་ལྷག་སོང་བ་དང་། མ་གཞི་རྒྱལ་ནང་གི་ནད་ཡམས་འགོས་ཁྱབ་གཞི་རྩའི་ཆ་ནས་མེད་པ་བཟོ་ཐུབ་སྟེ། སྔོན་འགོག་ཚོད་འཛིན་གྱི་རྣམ་པར་རྒྱལ་ཁའི་སྐྱ་རེངས་འཆར་ཡོད་མོད། འོན་ཀྱང་ནད་པ་ཐར་ཐོར་ཐོན་པ་དང་ས་གནས་ཁ་ཤས་སུ་ནད་ཡམས་བསྐྱར་དུ་ཐོན་པའི་ཉེན་ཁ་སྔར་བཞིན་གནས་ཡོད། ལྷག་པར་དུ་ནད་ཡམས་འཛམ་གླིང་རྒྱལ་ཁབ་གཞན་དུ་འགོས་ཁྱབ་ཤུགས་ཆེན་འགྲོ་བཞིན་ཡོད་པས། ཕྱི་རྒྱལ་ནས་ནད་པ་རྒྱལ་ནང་དུ་སླེབས་པའི་གནོན་ཤུགས་ཆེ་རུ་འགྲོ་བ་དང་། རིམས་འགོག་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཉེན་ཁ་ཆེན་པོ་ཡོད། དུས་བབ་ག་ཚོད་ཀྱིས་ཛ་དྲག་པ་ཡོད་ན། ང་ཚོས་དེ་ཚད་ཀྱིས་སེམས་ཤུགས་བརྟན་དུ་གཏོང་བ་དང་། ངར་ཤུགས་གཅིག་སྒྲིལ། རླབས་གཤགས་མདུན་སྐྱོད་བཅས་ཀྱི་ཐོག་ནས། ཐོབ་ཟིན་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཟམ་མི་ཆད་པར་གཏོང་དགོས་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་དམག་འཐབ་ཀྱི་དུས་མཚམས་རྗེས་མའི་ལས་འགན་ཁག་ལེགས་པོ་བསྒྲུབ་དགོས། བསམ་བློའི་ཐད། ང་ཚོས་མུ་མཐུད་མ་མཐའི་བསམ་བློ་རྒྱུན་འཁྱོངས་དང་། ཉེན་ཟོན་འདུ་ཤེས་ཤུགས་ཆེར་གཏོང་བ། དཀའ་ཚེགས་ལ་དཔྱད་དཔོག་གང་ལེགས་བྱེད་པ། ཁ་གཏད་གཅོག་ཐབས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བརྒྱུད། ལས་ཀའི་སྔོན་དཔག་རང་བཞིན་དང་། རང་འགུལ་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། བྱ་སྤྱོད་ཐད། ང་ཚོས་རྒྱལ་ཕྱི་རྒྱལ་ནང་གི་འཐབ་ས་གཉིས་ཀ་བརྟན་སྲུང་ལེགས་པོ་བྱེད་དགོས་ཞེས་བསྟན་ཡོད།
           ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་བྱེད་པ་དང་། དུས་བབ་དང་བསྟུན་ནས་ལས་ཀའི་གཙོ་གནད་དང་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱེད་དགོས། གོ་མེད་ཚོར་མེད་དུ་མི་སྡོད་པ། དམག་འཐབ་རྒྱག་རྒྱུར་ཡིད་ཐང་མི་ཆད་པ། ལྷོད་གཡེང་མི་བྱེད་པ་བཅས་བྱ་དགོས་པ། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་དང་ཞིབ་འཛིན་དངོས་འཛིན་བཅས་གནད་ལ་འཕིགས་པ་བྱེད་དགོས། སྔ་བར་ཕྱི་གསུམ་དུ་ས་སྲུང་གི་འགན་ཁུར་བ་དང་ཐབས་མཁས་ཀྱིས་ས་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཆེད་སྔར་བས་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་བསྐྲུན་པ་དང་། ཧུར་བརྩོན་ཆེན་པོས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགག་གཏོར་ལ་མཐའ་མའི་རྒྱལ་ཁ་ལེན་དགོས་ཞེས་ནན་སྟོན་བྱས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།