དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

དཀའ་གནད་དུས་ཐོག་ཏུ་སེལ་ནས་ཐོན་ལས་འབྲེལ་ཐག་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          དཔྱད་གཏམ་ནང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གཅིག་གྱུར་གྱི་བསམ་གཞིགས་བྱེད་པ་དང་སྤྱི་ཡོངས་ནས་འཆར་འགོད་བྱེད་དགོས། བྱ་ཐབས་མང་པོ་མཉམ་བཟུང་གིས་བརྟན་པོ་དྲུག་གི་བྱ་ཐབས་བཟུང་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན་དང་འགྲིམ་འགྲུལ་ཟོག་འདྲེན། ཞབས་ཞུ་མཛུབ་ཁྲིད་སོགས་ཕྱོགས་མང་པོའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་སྤྱི་ཡོངས་ཀྱི་འགན་སྲུང་ཆ་རྐྱེན་བསྐྲུན་དགོས་ཞེས་འཁོད་ཡོད།
          དཔྱད་གཏམ་ནང་། མཉམ་དཀྲོལ་རོལ་དབྱངས་ཡག་པོ་གཏོང་བར་སྡེ་ཁག་དང་ས་ཁུལ་བར་མཐུན་སྦྱོར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་འབྲེལ་ཐག་གོང་འོག་གཉིས་ཀྱི་ཆ་སྦྱོར་ཁེ་ལས་ཡག་པོ་གཉེར་བ། མ་བཅོས་རྒྱུ་ཆ་དང་ཐོན་སྐྱེད། བྲིན་འཚོང་བཅས་གཞི་གཅིག་ཅན་གྱི་འཁོར་རྒྱུག་འཕར་རྩ་ཆེན་པོ་ཤར་གཏོང་ཐུབ་པ་བྱེད་དགོས་ཞེས་འཁོད་ཡོད།
          དཔྱད་གཏམ་གྱི་མཇུག་ཏུ། འགག་གནས་དམ་འཛིན་བྱེད་པ་དང་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས་བཅས་ལ་དོ་ཁུར་བྱས་ནས་ཐོན་ནུས་འདོན་སྤེལ་ཧུར་ཐག་བྱེད་པ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་ཆོད་མཐོ་རུ་གཏོང་བ་བརྒྱུད་མཐར་ལས་རིགས་ཁག་སྤྱི་ཡོངས་མཐུན་སྦྱོར་གོང་འཕེལ་ཡོང་བའི་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་འཁོད་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།