དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ལག་གདང་སྦྲེལ་ནས་རིམས་འགོག་བྱས་ཏེ། མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་ཅེས་པ་སྟེ། འཛམ་གླིང་འཕྲོད་བསྟེན་ཉིན་མོར་བྲིས།

སྤེལ་དུས 2020-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          དཔྱད་གཏམ་ནང་། ནད་ཡམས་ཐོན་རྗེས། ཀྲུང་གོས་ཕྱི་གསལ་ནང་གསལ་དང་། དུས་ཐོག་ཕན་ཡོད་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱས་པས། རྒྱལ་ཁབ་གཞན་པས་གང་མགྱོགས་ཏོག་གསར་ནད་དུག་ལ་རྒྱུས་ལོན་ཐུབ་ཡོད། དེའི་ཐོག་ནས་རྒྱལ་ཁབ་ཆེན་མོའི་འགན་སེམས་མཚོན་ཡོད། ཀྲུང་གོས་ཆེས་རྒྱ་ཁྱབ་དང་། ཆེས་ནན་པོ། ཆེས་མཐར་ཕྱིན་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་ནས། དུས་ཚོད་ཐུང་ཐུང་ནང་ནད་ཡམས་རྒྱ་ཁྱབ་ཏུ་འགྲོ་རྒྱུར་བཀག་འགོག་བྱས་ཡོད་པས། དེས་འཛམ་གླིང་ཧྲིལ་པོའི་སྔོན་འགོག་ཚོད་འཛིན་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད། ཀྲུང་གོས་དམངས་ཡོངས་སྐུལ་སློང་དང་། མཉམ་འགོག་མཉམ་སྲུང་གི་ཕན་ཡོད་བྱ་ཐབས་ཐོག་ནས། འཛམ་གླིང་གི་རིམས་འགོག་ཐད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོས་སྨན་བཅོས་དངོས་རྫས་རོགས་སྐྱོབ་དང་། ཆེད་མཁས་ཚོགས་པ་མངགས་གཏོང་། མཉམ་ལས་བྱས་ནས་སྔོན་འགོག་སྨན་ཞིབ་བཟོ། རྒྱལ་སྤྱིའི་རྩ་འཛུགས་ལ་ཞལ་འདེབས་འབུལ་བ་སོགས་བྱ་སྤྱོད་ངོ་མའི་ཐོག་ནས། གོ་ལ་ཧྲིལ་པོའི་རིམས་འགོག་ཐད་ཀྲུང་གོའི་སྟོངས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ནད་དུག་ལ་རྒྱལ་མཚམས་མེད་པས། ལག་གདང་སྦྲེལ་ནས་ནད་ཡམས་ལ་ཁ་གཏད་གཅོག་རྒྱུ་ནི་ཡང་དག་པའི་གདམ་ག་ཉག་གཅིག་དེ་རེད་ཅེས་ནན་སྟོན་བྱས་འདུག

རྩོམ་སྒྲིག་པ། བདེ་སྒྲོལ།