དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དེ་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་སྦྲེལ་བྱས་ཏེ། མཁོ་སྤྲོད་གཉིས་ཕན་ཚུན་སྐུལ་འདེད་བཟང་པོ་ཐུབ་པ་བྱེད།

སྤེལ་དུས 2020-04-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ། འགོ་བརྗོད་དུ་༼ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དེ་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་དུ་སྦྲེལ་ཏེ། འདོན་སྤྲོད་དང་དགོས་མཁོ་གཉིས་ཕན་ཚུན་སྐུལ་འདེད་བཟང་པོ་ཐུབ་པ་བྱེད་དགོས་ ༽ཞེས་པ་གཏོང་སྤེལ་བྱས་ཡོད། 
          དཔྱད་གཏམ་ནང་། འཛད་སྤྱོད་ཕྱོགས་སྟོན་དུ་བྱས་ཏེ། འཛད་སྤྱོད་ཀྱིས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གོ་རིམ་ལྡན་པའི་ངང་རིགས་ཁག་གི་ཚོང་ཁང་ཆེ་མོ་དང་ཁྲོམ་རའི་ལས་འགོ་བསྐྱར་འཛུགས་དང་ཁྲོམ་ར་བསྐྱར་དུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། རིམས་ནད་ཐོན་ཚུན་ཚོད་འཛིན་དང་བཀག་འཇོག་ཐེབས་པའི་འཛད་སྤྱོད་ཀྱི་དགོས་མཁོ་གང་ལེགས་བསྐང་དགོས་པ་དང་། དངོས་པོའི་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་སླར་གསོ་ཡོང་བ་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་འཛད་སྤྱོད་གསར་པ་དང་རིམ་སྤོར་འཛད་སྤྱོད་ཐད་༼ཁྱིམ་སྡོད་དཔལ་འབྱོར་༽གྱི་འཕེལ་ཕྱོགས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱི་ཚོང་དང་། བདེ་ཐང་ཆེ་མོ། གྲངས་གཞིའི་རིག་རྩལ་རོལ་རྩེད་སོགས་དྲ་ཐོག་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་བྱེད་དགོས་ཤིང་། བདེ་ཐང་འགོག་སྲུང་དང་ཚེ་སྲོག་བདེ་འཇགས་སོགས་གསར་དར་འཛད་སྤྱོད་ཀྱི་དགོས་མཁོར་མུ་མཐུད་དོ་ཁུར་བྱས་ཏེ། དེ་ཉིད་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། ༼གང་མཁོ་དེ་སྤྲོད་༽ཀྱི་འཕེལ་རྒྱས་རྣམ་པ་ཆགས་པ་བྱེད་དགོས། 
          མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ད་ཡོད་ཀྱི་མཁོ་སྤྲོད་གྲུབ་གཞི་ལེགས་སྒྲིག་དང་། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བརྒྱུད། ཐོན་སྐྱེད་ལ་བརྟེན་ནས་འཛད་སྤྱོད་སྐུལ་སློང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།