དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་སེལ་དགོས།

སྤེལ་དུས 2020-04-28 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཟླ་4ཚེས་25ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རིམ་སྤེལ་དཔྱད་གཏམ་ལྔ་པ《“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་སེལ་དགོས》ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག

          རྩོམ་ཡིག་ནང་བསྟན་དོན།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་རིང་གི་ཞན་ཆ་མངོན་གསལ་དོད་ཤོས་ནི“ཞིང་གསུམ”ཁྱབ་ཁོངས་སུ་ཡོད། རང་ལྗོངས་ཀྱི་འབྲུ་རིགས་དང་། ཤ་དང་འོ་མ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གཙོ་བོར་ལོ་བསྟུད་མར་ཐོན་འབབ་ལེགས་པོ་བྱུང་བ་དང་སྦྲགས། ཐོན་འབོར་ཡང་ལོ་རེ་བཞིན་ཟིན་ཐོ་གསར་པ་བཏོད་ཡོད། ནས་ཀྱི་བདེ་འཇགས་རྦད་དེ་འགན་ལེན་བྱུང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ལོ་རྒྱུས་ཐོག་གི་ཆུ་ཚད་ཡག་ཤོས་སུ་སླེབས་པ། རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིའི་རང་བཞིན་ཞིང་འབྲོག་ལས་ཀྱི་གནས་བབ་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། “ཞིང་གསུམ”གྱི་གནོན་རྡོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་མོད། འོན་ཀྱང་ཞན་ཆ་སྔར་བཞིན་མངོན་གསལ་དོད་པོ་ཡོད། དེར་བརྟེན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་ཐོན་ཁུངས་གཅིག་སྡུད་དང་། འགན་ལེན་ལ་ཤུགས་སྣོན། གནད་སྨིན་ཇུས་བསྟར་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་ལམ་སྲོལ་བཟང་པོ་ཞིག་མགྱོགས་མྱུར་ཆགས་པར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་བཏང་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་ཏན་ཏིག་སེལ་དགོས།

          རྩོམ་ཡིག་ནང་བསྟན་དོན། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པར་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས། བོད་ཀྱི་ཞིང་འབྲོག་ཐོན་ལས་ད་ལྟའི་བར་འཕེལ་རྒྱས་ཕྱིན་པར་གནས་ཚུལ་གསར་པ་དང་གོ་སྐབས་གསར་པ་རབ་དང་རིམ་པ་ཕྲད་ཡོད་པས། ངེས་པར་དུ་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་མགྱོགས་མྱུར་བྱེད་དགོས། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ནས་དང་འབྲི་གཡག་གིས་གཙོས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་དགོས།

          རྩོམ་ཡིག་ནང་ནན་བཤད་བྱས་དོན། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པར་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་ནི་བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་ཞིག་ཀྱང་རེད། མཇུག་བསྡུའི་ལོར་ངེས་པར་དུ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བསམ་འཆར་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་མིག་སྔའི་འབབ་འཕར་བྱ་ཡུལ་ལ་དམིགས་པ་དང་འབྱུང་འགྱུར་གྱི་གཏིང་ཤུགས་ཡག་པོ་འཚོལ་བ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། གནད་སྨིན་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་ཤུགས་སྔོག་འདོན་གཏིང་ཟབ། བློ་བརྟན་འགྱུར་མེད་ངང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འདེབས་གསོའི་ལས་རིགས་ཀྱི་གཞི་རྩའི་ཁེ་ཕན་འགན་ལེན། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ། ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། འབབ་འཕར་དམིགས་ཚད་13%མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས།