དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཡར་ཀླུང་ཞིང་ས་གཤིན་པོ་རུ། “རིག་གནས་མེ་ཏོག”རབ་ཏུ་བཞད།

ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2020-07-02 ཡོང་ཁུངས། རྩོམ་པ་པོ།
           རིག་གནས་དམངས་ཕན་མི་སེམས་ལ་ཟུག་པ།
           ཉེ་བའི་ལོའི་ནང་ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་བྱ་གཞག་གི་འཕེལ་རྒྱས་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། རིག་གནས་ཀྱི་དྲང་ནུས་རྒྱུན་ཆད་མེད་པར་དར་སྤེལ་བཏང་བ་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་སྔོག་འདོན་དང་འཚོལ་ཞིབ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་གནས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།
           རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་ལྟ་བུ་ཡིན་ལ་མི་དམངས་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་ཀྱང་ཡིན། རྫོང(ཆུས)སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《རྫོང(ཆུས)སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཤིང་། རྫོང(ཆུས)སྒྱུ་རྩལ་ཚོགས་པ་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་འགན་ལེན་བྱས་པ་དང་ཆབས་ཅིག་སྲིད་འཛིན་གྲོང་ཚོར་རིག་རྩལ་འཁྲབ་སྟོན་རུ་ཁག་ཧུར་ཐག་བཙུགས་པ་རེད། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ཁ་གསབ་མ་དངུལ་སྒོར་ཁྲི་5བཏང་བའི་རྨང་གཞིའི་ཐོག་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་གྲོང་ཚོ་མི་རེ་ངོ་རེའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་ཁ་གསབ་མ་དངུལ་སྒོར་ཁྲི་4དོན་འཁྱོལ་བྱས་པ་དང་། མིག་སྔར་སྲིད་འཛིན་གྲོང་ཚོ་560ལ་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཟིན་པ་དང་འབྲེལ་ལས་སྒོའི་རྐང་འཛིན་པའི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ཟིན་པ་རེད།
           གཞི་རིམ་རིག་གནས་ཆེད་ལས་ལག་རྩལ་པའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། 《ལྷོ་ཁ་གྲོང་ཁྱེར་གཞི་རིམ་རིག་གནས་ཆེད་ལས་ལག་རྩལ་མི་སྣའི་དོ་དམ་བྱེད་ཐབས》ཞིབ་འཇུག་བྱས་ནས་བཟོས་ཤིང་། མང་ཚོགས་ཚོས་རིག་གནས་ཐོན་ཁུངས་ལོངས་སུ་ཏན་ཏིག་སྤྱོད་ཐུབ་པ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་དང་རྫོང(ཆུས)སྤྱི་པའི་དཔེ་མཛོད་ཁང་གི་སྤྱི་ཁྱབ་ཁང་དང་ཡན་ལག་ཁང་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཟོས་ནས་གྲོང་ཁྱེར་ཡོངས་སུ་དཔེ་དེབ་འགྲོ་རྒྱུག་ཞབས་ཞུའི་ས་ཚིགས་13བཙུགས་པ་དང་། ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་གིས་སྤྱི་ཁྱབ་ལྟེ་གནས་ཁང་བྱས་པ་དང་རྫོང(ཆུས)12ཀྱི་དཔེ་མཛོད་ཁང་གིས་ཡན་ལག་ཁང་བྱས་པའི་སྤྱི་ཁྱབ་ཁང་དང་ཡན་ལག་ཁང་གི་ལམ་ལུགས་འཚོལ་ཞིབ་བྱས་ནས་བཟོས་པ་རེད། ལྷོ་ཁའི“རིག་གནས་སློབ་ཚན་ཆེ་མོའི”སྤྱི་པའི་འཆད་ཁྲིད་དང་། “ཨ་པོ་ལྷོ་ཁ་བས”གཏམ་རྒྱུད་བརྗོད་པ། “བློ་ཁ་གཅིག་མཐུན་གྱིས་ཕུགས་འདུན་མཉམ་དུ་གཏོད་པའི”ལོང་བའི་དཔེ་ཀློག་ཁྱབ་གདལ་སོགས་ཀྱི་སྤུས་རྟགས་བྱེད་སྒོ་སྤེལ་བ་རེད།
           ལྷོ་ཁ་གྲོང་ཁུལ་དུ་སྡོད་པའི་སྐུ་ཞབས་ལི་ལགས་རྒན་ཡོལ་ཞུས་རྗེས། ནམ་རྒྱུན་རྟག་ཏུ་ལྷོ་ཁ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དང་དཔེ་མཛོད་ཁང་དུ་རྟག་ཏུ་འགྲོ་ཡི་ཡོད། ཁོང་གིས“མང་ཚོགས་སྒྱུ་རྩལ་ཁང་གིས་དུས་བཀག་ནང་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱས་ནས་ང་ཚོ་ཞབས་བྲོར་དགའ་པོ་ཡོད་མཁན་ཚོར་འོས་འགན་ཟུར་ཁྲིད་བྱེད་ཀྱི་ཡོད་པས། ང་ཞབས་བྲོ་ཡང་རྒྱག་མཁས་སུ་ཕྱིན་སོང་། ད་དུང་དཔེ་མཛོད་ཁང་ནི་ང་ཉི་མ་སྐྱེལ་སའི་ས་ཆ་ཡག་ཤོས་དེ་རེད”ཅེས་བཤད།
           རིག་གནས་འཕེལ་རྒྱས་དང་སྲུང་སྐྱོང་གཉིས་ཀ་གལ་ཆེ་མཉམ་འཛིན་བྱས་པ།
           ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ནང་གི་གྲགས་ཅན་སྒྱུ་རྩལ་མཁས་ཅན་13ལྷོ་ཁར་རིག་གནས་འཚོལ་བསྡུ་བྱེད་པར་གདན་ཞུ་བྱས་ནས། རྩོམ་རིག་དང་། རོལ་དབྱངས། གཞས་མ་གཏམ་སོགས་ཀྱི་བརྩམས་ཆོས་21གསར་རྩོམ་བྱས་ཡོད། རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ལས་དོན་པས་རིག་རྩལ་བརྩམས་ཆོས་68གསར་རྩོམ་བྱས་པ་རེད།
           རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁའི་ཡུལ་ཁམས་རིག་གནས་ཀུན་བཏུས》རྩོམ་འབྲི་བྱེད་འགོ་ཚུགས་པ་དང་། ད་དུང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པར་སྐྲུན་ལས་དོན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་ཟིན་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་རིག་རྩལ་གཤམ་སྤེལ་གྱི་འཁྲབ་སྟོན་ཐེངས་800བྱས་པར། ལྟད་མོ་བ་མི་ཐེངས་ཁྲི་30ཟིན་ནས་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བའི་སྤུས་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་ད་དུང་ཕུལ་བྱུང་གི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་འགྲེམས་འཚོང་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོན་པ་གང་ལེགས་མཚོན་པར་བྱས་ཡོད།
           རིག་གནས་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།
           བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཁྲོམ་རར་ཁྱོན་ཞིབ་བཤེར་ཐེངས་386བྱས་པ་དང་། རྫོང(ཆུས)རིག་གནས་སྡེ་ཚན་དང་རོལ་རྩེད་ཁང་དབར་རིམ་པ་བཞིན་རིག་གནས་ཁྲོམ་རའི་ལྟ་འདོམས་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ་བཞག་ནས། བདེ་འཇགས་ལྟ་འདོམས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་པ་རེད། རིག་གནས་ཁྲོམ་རའི་སྲིད་འཛིན་མཆན་འགོད་དོན་ཚན་30བཟོས་ནས། རིག་གནས་ཁྲོམ་རའི་ལག་རྩལ་ལྟ་འདོམས་དང་ཞབས་ཞུའི་ལས་སྟེགས་སྤྱོད་ནུས་ཐུབ་ཚད་100%ཟིན་ཡོད་པ་རེད།
           རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ན་ནིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཐོན་ལས་ཀྱི་བསྡོམས་རྩིས་མཉེན་ཆས་ཤིག་ཞིབ་འཇུག་གསར་སྤེལ་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཁེ་ལས་དང་རིག་གནས་བྱ་གཞག་གི་གྲངས་གཞིའི་མཛོད་རགས་ཙམ་ཞིག་འཛུགས་ཐུབ་ཡོད་པ་རེད།
           ན་ནིང་། ལྷོ་ཁ་གྲོང་ཁྱེར་གྱིས་ས་གནས་དེ་གའི་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཐོག་རིག་གནས་དང་ཡུལ་སྐོར་པུའུ་ལ“ཡར་ཀླུང་གཙང་པོའི་ལྗང་མདོག་རིག་གནས་ཁྱམས་རིང”དང“བོད་ཀྱི་འབྱུང་གནས་རིག་གནས་ཡུལ་སྐོར་ལམ་ཐིག”སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ལམ་ཐིག་གཉིས་རེ་ཞུ་བྱས་ནས། ཡུལ་སྐོར་བར་གདམ་ག་གསར་པ་མཁོ་འདོན་བྱས་ཡོད་པ་རེད།
           རིག་གནས་དམངས་ཕན་བྱེད་ཐབས་གཏིང་ཟབ་སྤེལ་བ་དང་བསྟུན་ནས། ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཚོས་རིག་གནས་བྱ་གཞག་འཕེལ་རྒྱས་ཕྱིན་པ་ལས་ཐོབ་པའི་ཕན་པ་དངོས་མྱོང་ཚོར་ཟབ་མོ་ཐུབ་ཡོད། མ་འོངས་པར་ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཚོས་རིག་གནས་དམངས་ཕན་ཞབས་ཞུ་སྔར་བས་མང་བ་དང་སྔར་བས་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་རེད།  །