ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས།

སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་གླེང་ཐེངས་གཉིས་པ།

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་སྤྱོད་ཚུལ་བཤེར་ནས་ཐོག་མའི་བསམ་འདུན་འདྲི་བ་དང་། འགན་འཁྲི་བཤེར་ནས་འགན་འཁུར་ཕོད་མིན་རྩད་གཅོད། ཞན་ཆ་བཤེར་ནས་མི་འདང་ས་འཚོལ་བ། དོན་འཁྱོལ་བཤེར་ནས་ཕན་འབྲས་ཐོན་མིན་རྩད་གཅོད་བཅས་ཀྱི་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས་ནས། མིག་སྔའི་ལས་བྱེད་པའི་དཔུང་ཁག་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཏོན་ཡོད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོ་སྤེལ་བར་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ནམ་ཡང་ལྷོད་གཡེང་མི་གཏོང་བ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་རྒྱུན་འཁྱོངས་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ནས་བྱ་གཞག་གསར་པ་ཞིག་དངོས་སུ་སྒྲུབ་ཐུབ་པ་བྱེད་དགོས།
           སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར། ངེས་པར་དུ“བསམ་བློར་འགྱུར་ལྡོག”མཐར་ཕྱིན་པ་ཞིག་བཏང་ནས་བསམ་བློའི་ཐད་བློ་རྒྱ་ཡངས་ལ་བསམ་ཤེས་ཐུབ་པ་དང་། སྲིད་ཇུས་ཐད་ལྟ་སྟངས་གནད་འཕིགས་དང་། དམ་འཛིན་ཐུབ་པ། བེད་སྤྱོད་ཐུབ་པ་བཅས་བྱེད་པ། བྱ་སྤྱོད་ཐད་རྗེས་སྙེག་ཐུབ་པ་དང་། མགྱོགས་པོ་སྤེལ་ཐུབ་པ། དོན་དངོས་དང་མཐུན་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་དང་། ཁྱབ་ཁོངས་ཡོངས། ཕྱོགས་ཡོངས་བཅས་ནས་བསམ་བློར་བཅིངས་འགྲོལ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བསམ་བློར་བཅིངས་འགྲོལ་གཏོང་བའི་འབྱུང་ཁུངས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྣེ་ཁྲིད་དུ་བྱས་ཏེ། བསམ་བློར་བཅིངས་འགྲོལ་གཏོང་བའི་ཕན་འབྲས་དེ་ལས་དོན་ལ་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་ཐབས་སུ་འགྱུར་བ་བྱེད་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་དེ་བསམ་བློར་བཅིངས་འགྲོལ་གཏོང་བའི་བསམ་པའི་རང་མདངས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་སྟེ“མདུན་གྲལ་དུ་སླེབས་པ་བཞི”ཐུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཐུབ་པ་བྱེད་དགོས།
           སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར། ངེས་པར་དུ་ཏང་གི་དམིགས་ཡུལ་ལག་ལེན་བསྟར་ནས་དོན་འཁྱོལ་ལ་དམ་འཛིན་དང་། མང་ཚོགས་ཀྱི་ལྟ་བ་མཐའ་འཁྱོངས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་། བྱ་བ་དངོས་ཏན་ཏིག་སྒྲུབ་པ། མང་ཚོགས་ཀྱི་སེམས་ལ་ཟུག་པ་ཞིག་སྒྲུབ་པ་བཅས་བྱེད་དགོས་པ་དང་། མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། བསམ་གཞིག་བཅས་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཐབས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་དགོས།
           སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར། ངེས་པར་དུ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ཐོག་མའི་བསམ་འདུན་སྐད་ཆ་དྲིས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརླགས་ཡོད་མེད་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཡོ་འགུལ་ཐེབས་ཡོད་མེད། ཕུགས་བསམ་དང་དད་སེམས་ཞན་དུ་ཕྱིན་ཡོད་མེད། དམིགས་ཡུལ་གྱི་འདུ་ཤེས་ཆུང་དུ་ཕྱིན་ཡོད་མེད་བཅས་ལ་ཞིབ་བཤེར་བྱེད་དགོས། དམ་པ་དོན་གཉེར་ངང་དོན་འཁྱོལ་ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ་མཐའ་དག་དོན་དངོས་ལ་གཞི་ཚུགས་ཏེ། གཞི་རིམ་དུ་བསྐྱོད་ནས་དམངས་སེམས་དང་དམངས་འདུན་དངོས་ཤེས་རྟོགས་དང་། ཡིག་ཆ་ཁུ་བསྡུ་དང་ཚོགས་འདུ་སྟབས་བདེར་གཏོང་བར་དམ་འཛིན་ནན་པོ་བྱས་ནས་ཚོགས་འདུ་དང་ཡིག་ཆ་རྫོགས་རྒྱུ་མེད་པའི་སྣང་ཚུལ་མི་ཐོན་པ། གནས་ཚུལ་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡང་དག་རྟོགས་པ་དང་ཁོང་དུ་ཆུད་པ། དོན་དངོས་ལ་སྣང་ཆེན་དང་དངོས་ཐོག་བདེན་འཚོལ། ཁ་དན་ཚིག་གནས་དང་དོན་དག་ཚང་མ་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས། འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སྦྱོང་མཁས་པ་དང་། ཇུས་འདོན་མཁས་པ། སྒྲུབ་མཁས་པ། གྲུབ་འབྲས་ཐོབ་ཐུབ་པ་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས། མཐའ་སྟོབས་བཅས་ལ་འཕྲད་པའི་འགལ་ཟླ་དང་འགྲན་སློང་ཐག་གཅོད་བྱེད་དགོས།
           སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར། ངེས་པར་དུ་སྟོན་ཕྱོགས་གསལ་པོ་བཙུགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཚད་གཞི་ནན་དུ་གཏོང་བ་དང་ཤེས་ལྡན་མི་སྣ་ཤེས་རྟོགས་དང་འདེམས་པ། བྱ་དགའ་དང་ཆད་གཅོད་གསལ་འབྱེད་དང་སྔོན་ཐོན་ལ་བསྔགས་སྐུལ། ནོར་འཁྲུལ་རུང་ལ་ནོར་འཁྲུལ་ཡོ་བསྲང་དང་འགན་འཁྲི་འཁུར་བར་ལྕག་སྐུལ། བཟང་བསྟོད་ངན་སྨད་དང་སྲོལ་བཟང་དར་སྤེལ། གཞི་རིམ་ལ་དགའ་གཅེས་དང་སྤྲོ་སེམས་འཕེལ་བ། ལྷག་བསམ་ཟོལ་མེད་ངང་ཏང་གཤིས་སྨྲ་བ་དང་། དངོས་སྒྲུབ་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བ། བྱས་རྗེས་དངོས་ལ་གཞིགས་ནས་བྱ་དགའ་སྤྲོད་པ། བྱས་རྗེས་འཇོག་འདོད་པ་དང་། བྱས་རྗེས་འཇོག་ཕོད་པ། བྱས་རྗེས་འཇོག་མཁས་པ་བཅས་ཀྱི་སྟོན་ཕྱོགས་གསལ་པོ་འཛུགས་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་རང་ངོས་གསར་བརྗེ་བྱེད་པའི་བློ་སྟོབས་དང་འགན་འཁྲི་འཁུར་ཕོད་པའི་ཆོད་སེམས་ཀྱིས“ངེས་པར་དུ་བརྒྱད”དང“མིག་དཔེ་དྲུག”གི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་ཏེ། རང་འགན་གཙང་སྒྲུབ་ཐད་མིག་དཔེ་འདོན་པ་དང་། འཛེམ་མེད་དམར་འདོན་ཐད་མིག་དཔེ་འདོན་པ། སྤྱོད་ཚུལ་འཛུགས་སྐྱོང་ཐད་མིག་དཔེ་འདོན་པ་བཅས་བྱས་ནས། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཡོང་བར་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་། འགན་འཁྲི་དོ་དམ་ལམ་སྲོལ་དང་། ལས་ཕྱོད་དོ་དམ་ལམ་སྲོལ། གནད་སྨིན་ལྟ་སྐུལ་ལམ་སྲོལ། དཔྱད་ཞིབ་གདེང་འཇོག་ལམ་སྲོལ། ཡོངས་བསྒྲགས་ལྟ་སྐུལ་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་སྟེ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་ལམ་ལུགས་ཀྱི་རྣམ་པར་བརྟེན་ནས་གཏན་འཇགས་ཐུབ་པར་བྱས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། དོན་འཁྱོལ་ཏན་ཏིག་ཐུབ་པ། དོན་འཁྱོལ་ཡག་པོ་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཐོག དོན་འཁྱོལ་ལ་དམ་འཛིན་བྱེད་པ་ཚད་ལྡན་ཅན་གྱི་འཁོར་ལམ་དུ་སྐྱོད་ཐུབ་པར་བྱས་ཏེ་རྒྱ་ཆེའི་ལས་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས། 
རྩོམ་སྒྲིག་པ། བདེ་སྒྲོན།