ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > ལོ་ངོ་དྲུག་བཅུའི་འཕོ་འགྱུུར།

གྲངས་གཞི་ཆེ་མོ་བཅུ་ཡི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་འགྱུར་ལྡོག་ལ་ལྟ་བ།

སྤེལ་དུས 2019-03-27 ཡོང་ཁུངས། ཤིན་ཧྭ་དྲ་བ། རྩོམ་པ་པོ།

      འགྱུར་ལྡོག་ཆེན་པོ་བྱུང་བའི་གངས་ལྗོངས་ས་མཐོའི་ངོས་ནས་བརྗོད་ན། ལོ་60གོང་གི་ཟླ་3ཚེས་28ཉིན་ནི་ལོ་རྒྱུས་ཀྱི་ཁ་ལོ་སྒྱུར་མཚམས་ཞིག་སྟེ། བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་། མུན་ནག་དང་སྡུག་བསྔལ་ཁྲོད་ཡུན་རིང་ལུས་པའི་བོད་ཀྱི་མི་དམངས་རྣམས་དུས་དེ་ནས་བཟུང་འོད་སྟོང་འབར་བ་དང་བདེ་སྐྱིད་ལྡན་པའི་ཕྱོགས་སུ་སྐྱོད་འགོ་ཚུགས་ནས། ས་མཐོར“ཚེ་སྲོག་གི་དཔྱིད་ཀ”ཤར་ཡོད།
      དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད་ཅིང་། ཡར་ལངས་བཅིངས་འགྲོལ་བྱུང་བ་དང་རང་ཁྱིམ་རང་བདག་ཏུ་གྱུར་བའི་བོད་ཀྱི་མི་དམངས་ཚོས་འཛམ་གླིང་ཡང་རྩེར་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བརྗིད་ཉམས་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད་ལ། ལོ་ངོ་སྟོང་ལས་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་མཚམས་སུ་གསར་འགོད་པས་དཔལ་འབྱོར་དང་། དམངས་འཚོ། སྤྱི་ཚོགས། སྣོད་བཅུད་སོགས་ཕྱོགས་མང་པོའི་ཐད་ཀྱི་གྲངས་གཞི་ཆེན་པོ་བཅུ་གསེད་བཀྲོལ་བྱས་ནས། ལོ་60རིང་གི་གངས་ལྗོངས་ས་མཐོའི་འཕོ་འགྱུར་རླབས་པོ་ཆེ་མངོན་པར་བྱ་རྒྱུ་ཡིན་ཏེ།
    གྲངས་གཞི་དང་པོ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་191འཕར་བ།

    ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་ཆེན་ཐོག་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོ་ཨུ་ལྷན་གྱི་འཐུས་མིས(གཡོན)གྲོང་ཚོའི་མཉམ་སྡེབ་ཁེ་སྤོགས་ཀྱི་དངུལ་བླངས་པ(ཟླ་1ཚེས་22ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
    དམངས་གཙོའི་བཅོས་སྒྱུར་ལས་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ཅིང་། 1959ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་མེད་པ་དང་། 2018ལོར་སྒོར་དུང་ཕྱུར་1477.63ཟིན་ནས་བསྡུར་གཞི་ཡོད་པའི་རིན་ཐང་ལྟར་བརྩིས་ན་ལྡབ་191འཕར་ཡོད། བོད་ཀྱི་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་20བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
    གྲངས་གཞི་གཉིས་པ། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་སྒོར་དུང་ཕྱུར་ཁྲི་1ལྷག་བཏང་བ།

    ཟླ་3ཚེས་7ཉིན་བཟོ་པས་ལྕགས་ལམ་སྐྱེལ་འདྲེན་འཕྲུལ་འཁོར་ཐོག་ལྕགས་ལམ་སྐྱེལ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།
    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1ལྷག་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་800ལྷག་ལག་ལེན་བསྟར་བས། རྨང་གཞིའི་སྒྲིག་བཀོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ཕུ་མདོ་ཆུ་བེད་ལྟེ་གནས་ཀྱི་ལས་གྲྭ རྫམ་ཆུ་ཤུགས་གློག་ཁང་སོགས་གཙོ་གནད་ལས་གྲྭ་མང་དག་ཅིག་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། མཚོ་བོད་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭས་གློག་ཤུགས“མཁའ་ལམ”བཏོད་ནས་གློག་དྲ་ཨ་མ་རྫོང་62ལ་ཁྱབ་པ་དང་མི་ཁྲི་272ལ་གློག་མཁོ་འདོན་བྱས་ཡོད།
    གྲངས་གཞི་གསུམ་པ། འབྲུ་རིགས་ཐོན་འབབ་ཏུན་ཁྲི་100ཡན་བརྟན་པོར་གནས་པ།

ཟླ་3ཚེས་16ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་དཔྱིད་རྨོད་མཛད་སྒོའི་ཐོག་གི་གྲོང་མི། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཤིན་གྱིས་པར་བླངས།
    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཀྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་རྗེས་ལུས་ཐེབས་ནས་འབྲུ་རིགས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་80ལས་མེད། སོན་བཟང་ཁ་གསབ་དང་། སྐྱེ་འཕེལ་ཁ་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སོགས་རྒྱལ་ཁབ་ཀྱི་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་བས་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་མཐོ་རུ་ཕྱིན་ཡོད། 1978ལོའི་རྗེས་སུ་བོད་ཀྱི་འབྲུ་རིགས་རྐྱང་པའི་ཐོན་འབབ་ལོ་40ཙམ་རིང་ལྡབ་འཕར་བྱུང་སྟེ་མུའུ་རེ་ནས་སྤྱི་རྒྱ་167ནས་2017ལོའི་མུའུ་རེ་ནས་སྤྱི་རྒྱ་378བར་མཐོ་རུ་ཕྱིན་ཡོད། 2018ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་བརྒྱ་ཡན་དུ་བརྟན་པོ་བྱུང་བ་དེའི་ནང་ནས་ནས་ཀྱི་ཐོན་འབབ་ཏུན་ཁྲི་81.4ཟིན་ཡོད།
    གྲངས་གཞི་བཞི་པ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9.74ཟིན་པ།

    འདི་ནི་ལྷ་ས་སྐྱིད་ཆུའི་ཐོག་གསར་དུ་བསྐྲུན་པའི་གྲོང་སྐོར་ལམ་གྱི་རྔ་ཆེན་ཟམ་ཆེན་གྱི་དུམ་བུ་ཞིག་ཡིན།(2018ལོའི་ཟླ་3ཚེས་4ཉིན་མི་མེད་གནམ་གྲུས་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
    བོད་རྙིང་པར་གཞུང་ལམ་གཅིག་ཀྱང་མེད་པ་དང་། ལོ་60རིང་འཛུགས་སྐྲུན་བྱས་པ་བརྒྱུད། ལྗོངས་ཡོངས་སུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་ལམ་ཐག་སྤྱི་ལེ་ཁྲི་9.74ཟིན་ནས་ལྷ་ས་ལྟེ་བར་བྱས་པའི“གཞུང་གསུམ་དང་། འཕྲེད་གཉིས། བགྲོད་ལམ་དྲུག་ལྡན”བཅས་ཀྱིས་སྒྲོམ་གཞི་བྱས་པའི་གཞུང་ལམ་འགྲིམ་འགྲུལ་དྲ་བ་ཆགས་ཡོད། དེ་བཞིན་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུའི་འཛུགས་སྐྲུན་བདེ་བླག་ཡིན་པས། བོད་དང་ནང་ས་དང་འཛམ་གླིང་དབར་གྱི་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད།
    གྲངས་གཞི་ལྔ་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17286ཟིན་པ།

ཟླ་1ཚེས་12ཉིན། སྐུ་མགྲོན་གྱིས་བོད་ལྗོངས་ནག་ཆུའི་ལོ་གསར་མཁོ་ཆས་ཁྲོམ་རའི་བོད་ཆས་ཚོང་ཁང་ནང་བོད་ཆས་གསར་པ་འདེམ་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།
    ལོ་60ཚུན་དུ་ཏང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་ཁག་བོད་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་སྟེ་མང་ཚོགས་ཀྱི་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་འཕར་རྒྱུ་མངོན་འགྱུར་བྱུང་ཡོད། 2018ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17286ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་སྒོར་11450སོ་སོར་ཟིན་ནས་ཁག་སོ་སོར་1965ལོའི་ལྡབ་73དང་ལྡབ་105ཡིན། བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་འཁྱག་སྒམ་དང་། བརྙན་འཕྲིན། སྦག་སྦག ལག་ཐོགས་ཁ་པར། རླངས་འཁོར་སོགས་མི་སེར་དཀྱུས་མའི་ཁྱིམ་དུའང་ཡོད།
    གྲངས་གཞི་དྲུག་པ། དབུལ་པོ་ཐོན་ཚད་8%མན་དུ་ཆག་པ།

    འདི་ནི་དྲུ་གསུམ་གྲོང་ཚོའི“དུས་མཚམས་བཞི”ཡི་ཁང་པ་ཡིན་ཞིང་། མདུན་ཤོས་སུ་གནས་པའི་ས་ཕག་གི་ཁང་པ་ནི“དུས་མཚམས་དང་པོའི”ཁང་པ་ཡིན་པ་དང་། དེའི་རྒྱབ་ཀྱི་ས་རྡོ་དང་ཤིང་ལས་གྲུབ་པའི་ཁང་པ་ནི“དུས་མཚམས་གཉིས་པའི”ཁང་པ་ཡིན། “དུས་མཚམས་གསུམ་པའི”ཁང་པ་ནི་དེའི་འགྲམ་གྱི་རྡོ་བརྩིགས་ཀྱི་ཁང་པ་དེ་ཡིན། ཐོག་སོ་ཉིས་ལྡན་གྱི་སྒོ་ར་ཡོད་པའི་ཁང་པ་གསར་རྐྱང་དེ་ནི“དུས་མཚམས་བཞི་པའི”ཁང་པ་ཡིན།(2018ལོའི་ཟླ་9ཚེས་16ཉིན་མི་མེད་གནམ་གྲུས་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། བསྟན་འཛིན་ཉི་མ་མཆོག་སྒྲུབ་ཀྱིས་པར་བླངས།
    བོད་རྙིང་པར་ཞིང་བྲན་ཁྲི་ཚོ་བརྒྱར་གང་ཡང་མེད་པར་ཤིན་ཏུ་དབུལ་ཞིང་ཧ་ཅང་ཡ་ང་བའི་གནས་སུ་གྱར་བ་དང་། ལོ་60ཚུན་དུ་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། 2018ལོར་བོད་ཀྱི་མི་འབོར་དབུལ་པོ་ཁྲི་18ཉུང་དུ་ཕྱིན་པ་དང་མི་འབོར་དབུལ་པོ་ལོ་དྲུག་གོང་གི་མི་ཁྲི་86ནས་ཁྲི་15བར་ཉུང་དུ་ཕྱིན་ནས། དབུལ་པོ་ཐོན་ཚད་8%མན་བར་དུ་ཆག་པ་མ་ཟད། རྫོང(ཆུས)74ཁྲོད་ནས་དབུལ་ཞྭ་ཕུད་པའི་རྫོང་55ཟིན་ཡོད།
    གྲངས་གཞི་བདུན་པ། གཞོན་ནུ་དང་དར་མ་ཡིག་རྨོངས་ཡིན་ཚད་0.52%བར་ཆག་པ།

    ཟླ་3ཚེས་4ཉིན། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ནང་སློབ་མ་ཚོས་ནན་ཏན་ངང་སློབ་ཚན་ཉན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།
    བོད་རྙིང་པར་ཡིག་རྨོངས་ཡིན་ཚད་95%ཡན་ཟིན་པ་དང་། ལོ་60ཚུན་དུ་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཚུད་པའི་འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་བཙུགས་ཡོད། 2018ལོ་བར་དུ་བོད་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་མ་བུ་བཅོལ་ཁང་དུ་ཞུགས་ཚད་77.9%ཟིན་པ་དང། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་39.2%ཟིན་པ། གཞོན་ནུ་དང་དར་མ་ཡིག་རྨོངས་ཡིན་ཚད་0.52%བར་ཆག་པ། ངལ་ནུས་མི་འབོར་སློབ་གསོ་ཐོབ་ཚད་ཀྱི་ཆ་སྙོམས་ལོ་ཚད་ལོ་8.6ཟིན་པ་བཅས་རེད།
    གྲངས་གཞི་བརྒྱད་པ། མི་རེའི་ཆ་སྙོམས་ཚེ་ཚད་ལོ་68.2བར་འཕར་བ།

    དགུང་ལོ་99ལ་ཕེབས་པའི་བགྲེས་སོང་བག་གྲོ་ལགས།(ཟླ་3ཚེས་20ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།
    མཐོ་ཞིང་གྲང་བའི་ཁར་ད་དུང་གསོ་རླུང་ཡང་དཀོན་པའི་རྐྱེན་གྱིས། བོད་འདི་ཉིད་འཛམ་གླིང་ཐོག་མིའི་རིགས་འཚོ་སྡོད་བྱ་རྒྱུར་ཆེས་མི་འཚམ་པའི་ས་ཁུལ་ཞིག་ཏུ་བརྩིས་མྱོང་། ལོ་60རིང་། འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ། སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་སོགས་ཀྱི་དབང་གིས་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་རྒྱུན་ཆད་མེད་པར་རིང་དུ་ཕྱིན་ཡོད། མིག་སྔར། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་སྔའི་ལོ་35.5ནས་ད་ཆའི་ལོ་68.2བར་རིང་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་མི་འབོར་དེ་སྔའི་མི་ཁྲི་122.8ནས་2018ལོའི་མི་ཁྲི་343.82བར་མང་དུ་ཕྱིན་ཡོད་པ་རེད།
    གྲངས་གཞི་དགུ་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་བོད་ཀྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་34.35%ཟིན་པ།

    མཚོ་གཉིས་རྫོང་ནང་ཁོངས་སུ་འཚོ་སྡོད་བྱེད་པའི་གཙོད་དང་རྐྱང་། (ཟླ་2ཚེས་1ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།
    འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། བོད་ཀྱིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས་སྣོད་བཅུད་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད་པ་རེད། མིག་སྔར། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%ཟིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཁྱོན་12.14%བར་ཆེ་རུ་ཕྱིན་ཡོད། ས་ཁུལ་དང་གྲོང་ཁྱེར་7གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཆ་སྙོམས་ལེགས་ཚད་95%ཡན་ཟིན་ཡོད་པ་རེད།
    གྲངས་གཞི་བཅུ་པ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལོར་མི་ཐེངས་ཁྲི་3000ལས་བརྒལ་བ།

    སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཡའོ་ཡི་ཤིན(གཡོན)དང་གྲོགས་མོས་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་འདྲ་པར་རྒྱག་པ།(ཟླ་3ཚེས་10ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།
    བོད་ཀྱིས་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ལྗོངས་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་1980ལོའི་མི་ཐེངས་1059ནས་2018ལོའི་མི་ཐེངས་ཁྲི་3368.7བར་མང་དུ་ཕྱིན་ནས་ལྡབ་31810འཕར་ཏེ། ཡུལ་སྐོར་ལས་རིགས་འདི་ཉིད་འཛམ་གླིང་གིས་བོད་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། སྣང་རྡོ།